བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ཨ་རིའི་གྲོང་ཁྱེར་པོཊ་ལེན་ཌི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༡༡ ཉིན་སྐབས་ ༡༧ པའི་ལྷོ་བྱང་ཨ་རིའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ཨ་རིའི་གྲོང་ཁྱེར་པོཊ་ལེན་ཌི་ (Portland) རུ་ཕེབས་ནས་འདི་གའི་ས་གནས་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་གནང་ཡོད་འདུག

སྐབས་དེར་སྤྱི་འཐུས་མཆོག་གིས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་ཡོང་བར་ཚང་མས་གཅིག་སྒྲིལ་དང་། ནུས་པ་མཉམ་སྤུངས་གནང་དགོས་པའི་སྐོར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། སྐབས་དུས་སོ་སོར་འགྱུར་བ་ཇི་བྱུང་སྐོར་ལ་གསུང་བཤད་དང་། དཀའ་ངལ་གང་ཞིག་འཕྲད་ནའང་། ཚང་མས་མཉམ་རུབ་ཐོག་གདོང་ལེན་བྱེད་ན། དེ་ལས་རྣམ་པར་རྒྱལ་ཐུབ་པ་ཙམ་མ་ཟད། བོད་ཀྱི་རྩ་དོན་གྱི་ནུས་པ་གོང་མཐོར་གཏོང་ཐུབ་ངེས་ཡིན་པའི་གསུང་བཤད་གནང་འདུག་པ་བཅས།