བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

IMG_1905དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༧ ནས་འགོ་འཛུགས་ཀྱིས་ཉིན་བཞིའི་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྤྱི་དམངས་ནུས་སྟོབས་ཞེས་པའི་ཚོགས་པ་གསར་འཛུགས་བྱེད་མཁན་རྒྱ་མི་ཡང་ཅིན་ལིས་གཙོ་གཉེར་བྱས་པའི་ལོ་རེའི་“མི་རིགས་གཞོན་སྐྱེས་འགོ་ཁྲིད་སྦྱོང་བརྡར་ཚོགས་འདུ་”ཞེས་པ་ཐེངས་བཅུ་པ་དེ་ཨ་རིའི་རྒྱལ་ས་ཨ་ཤིང་ཊོན་ཉེ་འགྲམ་མེ་རས་ལན་ཌི་མངའ་སྡེའི་ནང་འཚོགས་ཡོད།

ཟླ་འདིའི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག ཚོགས་འདུའི་མཛད་རིམ་དང་པོར་སྤྱི་དམངས་ནུས་སྟོབས་ཚོགས་གཞོན་ཧ་ལན་ཁྲའོ་ནས་ཚོགས་འདུ་ངོ་སྤྲོད་གནང་། རིམ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུང་བཤད་བརྙན་འཕྲིན་ནས་བརྒྱུད་སྟོན་བྱས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་དང་། ཨེ་ཤེ་ཡའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཚོགས་པའི་ཚོགས་མི་བློ་བཟང་ཚེ་བརྟན་ལགས་ཀྱིས་བོད་དོན་སྐོར་དང་ཚོགས་པའི་གསུང་བཤད་སྒྲོག་སྦྱང་གནང་བ་དང་། དེ་བཞིན་ཡུ་གུར་སྐུ་ཚབ་ཏོ་ལུ་ཧྲིང་ཨེ་ཧྲ་དང་། ལྷོ་སོག་སྐུ་ཚབ་ཆོ་ལོ་ཝུ་ཅི་ཡེ་ཏིས་བཅས་ནས་གསུང་བཤད་གནང་།IMG_1959

ཆུ་ཚོད་ ༡་༣༠ ནས་རྒྱ་ནག་སྐམ་སའི་ཐེང་པེའོ་དང་། ཤ་ཡེ་ལིན། ཡུ་གུར་འགྲོ་མིའི་ཐོབ་ཐང་འགན་འཛིན་གཞོན་པ་ཙུས་པེ་ལ་ཤ་མུ་ཤིས་ཏིང་གིས་བཅས་ཀྱིས་གསུང་བཤད་བྱས།

ཆུ་ཚོད་ ༣ དང་༣༠་ནས་ཡུ་གུར་ཚོགས་པའི་འགྲོ་མིའི་ཐོབ་ཐང་འགན་འཛིན་གཞོན་པ་ཙུས་པེ་ལས་གཙོ་སྐྱོང་འོག བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གཙོས། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག  ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་འགན་འཛིན་བསོད་ནམས་རྡོ་རྗེ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས། ཐའེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལགས་བཅས་ནས་བོད་སྤྱིའི་ཛ་དྲག་གནས་སྟངས་དང་། བོད་མིའི་རང་སྲེག་ངོ་རྒོལ་ལས་འགུལ། བོད་མིའི་ཆོས་དད་རང་མོས་ལ་དྲག་གནོན། རང་སྲེག་ངོ་རྒོལ་འབྱུང་རྐྱེན། བོད་མིའི་ཆབ་སྲིད་ལྟ་བ། བོད་ཀྱི་ཁོར་ཡུག་རྩ་གཏོར་བཅས་ཀྱི་སྐོར་རིམ་བཞིན་གསུང་བཤད་དང་དྲི་བར་ལན་འདེབས་གནང་།IMG_1948 གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་། རྒྱ་མི་རིགས་ལ་འབྲེལ་ལམ་དང་བོད་མིའི་ནུས་ཤུགས་སྤེལ་བའི་ལས་གཞིའི་ཟུང་སྦྲེལ་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་ཡེ་ཤེས་བསྟན་འཛིན་ལགས། སློབ་ཕྲུག་ཚོགས་པའི་ལས་བྱེད་བསྟན་འཛིན་ཚེ་ལྷ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་ཚེ་དཔག་སྦ་ཡུལ་ལགས་དང་། པད་མ་ཡོ་གོ་བཅས་ཚོགས་བཅར་གནང་ཡོད།

སྤྱིར་ཚོགས་བཅར་བ་མི་གྲངས་བརྒྱ་ཙམ་ཡོད་པ་ལས་བོད་དང་། ཡུ་གུར། སོག་པོ། ཐའེ་ཝན། ཧོང་ཀོང་། མེ་ཁའོ། རྒྱ་ནག་སྐམ་ས། ཆོས་འཁོར་སྒོམ་སྒྲུབ། ཁྱུ་པ་སོགས་ཀྱི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད་ལ། འདི་ཟླའི་ཚེས་༣༠ སྔ་དྲོ་ཚོགས་འདུ་མཇུག་བསྒྲིལ་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༨ ལ།།

Menu