བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཤིས་ལོང་ས་གནས་སུ་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ་བྱུང་བ།

ཤིས་ལོང་སམ་བྷོ་ཊཱའི་སློབ་གྲྭར་གཏམ་བཤད་གནང་བཞིན་པ། ༢༠༢༢།༩།༢༧

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༦ ཞོགས་པ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་གྷོ་ཝ་ཧ་ཀྲི་ནས་ཐོན་ཏེ་ཉིན་གུང་ཤིས་ལོངས་ས་གནས་སུ་འབྱོར་བ་དང་། ཤིས་ལོངས་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ས་གནས་སྤྱི་མིའི་ཚོགས་གཙོ། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། ས་གནས་བུད་མེད་ཚོགས་པའི་སྐུ་ཚབ། སམ་བྷོ་ཊཱ་སློབ་གྲྭའི་སློབ་སྤྱི་བཅས་ནས་ཕེབས་བསུའི་སྣེ་ལེན་གནང་རྗེས། ཕེབས་བསུའི་གསོལ་ཇ་མཉམ་དུ་བཞེས། ཉིན་གུང་ཤིས་ལོངས་ས་གནས་བོད་དགོན་དགའ་ལྡན་ཆོས་གླིང་ནས་ཕེབས་བསུའི་གསོལ་སྟོན་གནང་།

ཤིས་ལོང་བོད་དགོན་དགའ་ལྡན་ཆོས་གླིང་གི་མཁན་ལས་ཟུར་དགེ་བའི་བཤེས་གཉེན་རྣམ་པ་དང་ལྷན། ༢༠༢༢།༩།༢༧

ཕྱི་ཚེས་ ༢༧ སྔ་དྲོ་ཤིས་ལོང་ས་གནས་འགོ་འཛིན་ལས་ཁུངས་དང་། བོད་དགོན་དགའ་ལྡན་ཆོས་གླིང་། ཤིས་ལོང་སམ་བྷོ་ཊཱའི་སློབ་གྲྭ་བཅས་སུ་འཚམས་གཟིགས་དང་སློབ་གྲྭར་ཚོགས་འདུའི་ཐོག་གཏམ་བཤད་དང་དྲི་བར་ལན་འདེབས་བྱས། ཉིན་རྒྱབ་ས་གནས་འཐུས་ཚོགས་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ས་གནས་སྨན་རྩིས་ཁང་བཅས་སུ་གཟིགས་སྐོར་གནང་།

སམ་བྷོ་ཊཱ་སློབ་གྲྭའི་སློབ་ཕྲུག་གི་ཟས་བཅུད་ཐད་གཟིགས་ཞིབ་གནང་བཞིན་པ།

ཕྱི་ཚེས་ ༢༨ ཉིན་ཤིས་ལོང་ས་གནས་ཀྱི་བོད་མི་མང་ཚོགས་དང་ལྷན་ཚོགས་འདུའི་ཐོག་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་དང་། རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུགས་སྐོར་ངོ་སྤྲོ་གཏམ་བཤད་གནང་བ་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གཏམ་བཤད་གནང་བ། གཞན་ཡང་མི་མང་ནས་དྲི་བ་ཁག་ལ་ལན་འདེབས་ཆ་ཚང་གནང་།  དགོང་དྲོ་ཤིས་ལོང་ས་གནས་བོད་རིགས་མི་མང་ནས་སྤྱི་འཐུས་རྣམ་གཉིས་ལ་དགའ་བསུའི་གསོལ་སྟོན་འདེགས་འབུལ་གནང་ནས་ཐེངས་འདིའི་ཤིས་ལོང་ས་གནས་སུ་གཞུང་འབྲེལ་གཟིགས་སྐོར་ལེགས་པར་གྲུབ་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཤིས་ལོང་ས་གནས་སུ་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ་བྱུང་བ།
བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཤིས་ལོང་ས་གནས་སུ་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ་བྱུང་བ།
ཕྱི་ཚེས་ ༢༨ ཉིན་ཤིས་ལོང་ས་གནས་ཀྱི་བོད་མི་མང་ཚོགས་དང་ལྷན་ཚོགས་འདུ་དང་དྲི་བ་དྲིས་ལན་བྱས། དགོང་དྲོ་ཤིས་ལོང་ས་གནས་བོད་རིགས་མི་མང་ནས་སྤྱི་འཐུས་རྣམ་གཉིས་ལ་དགའ་བསུའི་གསོལ་སྟོན་འདེགས་འབུལ་གནང་ནས་ཐེངས་འདིའི་ཤིས་ལོང་ས་གནས་སུ་གཞུང་འབྲེལ་གཟིགས་སྐོར་ལེགས་པར་གྲུབ་ཡོད་པ་རེད།ཤིས་ལོངས་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ས་གནས་སྤྱི་མིའི་ཚོགས་གཙོ།ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། ས་གནས་བུད་མེད་ཚོགས་པའི་སྐུ་ཚབ། སམ་བྷོ་ཊཱ་སློབ་གྲྭའི་སློབ་སྤྱི་བཅས་ནས་ཕེབས་བསུའི་སྣེ་ལེན་གནང་བ། ༢༠༢༢།༩།༢༦