༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༣ རེས་གཟའ་ཉི་མའི་ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དུ་ཀར་ན་ཊ་ཀ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཐ་ཝར་ ཅན་ཌི་ གྷི་ལོ་ཊ་ (Shri Thawar Chand Gehlot, Hon’ble Governor of Karnataka) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཀར་ན་ཊ་ཀ་མངའ་སྡེ་གཞུང་མང་གཉིས་ནི་བོད་མི་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་དང་། མ་འོངས་པར་ཡང་བོད་གཞིས་བྱེས་མཉམ་འཛོམས་དང་། བོད་དོན་བདེན་མཐའ་མ་གསལ་བར་མངའ་སྡེའི་གཞུང་ནས་མུ་མཐུད་དེ་ལྟར་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག
མཇལ་འཕྲད་སྐབས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལས་དྲུང་བསྟན་འཛིན་ཚེ་དཔལ་ལགས་བཅས་མཉམ་བཅར་ཞུས་གནང་ཡོད་འདུག
གཞི་རྩའི་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༩ ནས་ཟླ་ ༡༢ པའི་ཚེས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་། སྦེང་ལོར། མེང་ལོར། མའེ་སོར་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་བཅས།