བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་ལ་དྭགས་སླེ་བྱང་ཁུལ་དུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་ལ་དྭགས་སླེ་རུ་རྟེན་གཞི་བྱས་པའི་ལ་སྤྱི་ལས་ཁུངས་དང་། ས་གནས་གྲོས་ཚོགས། ས་གནས་ཁྲིམས་ཞིབ་ཁང་། ས་གནས་རང་བདེན་ཚོགས་ཆུང་། སྨན་རྩིས་ཁང་། མཉམ་འབྲེལ། འཕྲོད་བསྟེན་སྨན་ཁང་བཅས་ལ་གཟིགས་སྐོར་དང་།
དེ་བཞིན་སྤྱི་འཐུས་རྣམ་པ་གཉིས་ས་གནས་སུ་གོ་སྒྲིག་ཞུས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་སྐུ་མགྲོན་དུ་ཆེད་ཕེབས་གནང་སྟེ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བ་སོགས་མཚོན་པའི་ལ་དྭགས་སླེ་བྱང་ཁུལ་དུ་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་གནང་ཡོད་པ་བཅས།