བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་ལ་དྭགས་བྱང་ཐང་ས་ཁུལ་བརྒྱད་ལ་གཟིགས་སྐོར་ཕེབས་པ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༦ཚེས་ ༢༥ ནས་འགོ་འཛུགས་ཏེ། ལ་དྭགས་སླེ་བྱང་ཁུལ་དང་། ཉེ་འཁོར་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར།

ཕྱི་ཟླ་ ༧ པའི་ཚེས་ ༡ ནས་ ༤ བར་ཉིན་གྲངས་བཞིའི་རིང་ལ་དྭགས་བྱང་ཐང་ཉོ་མ་དང་། བཀག་གཞུང་། རྒོད་ཡོལ། ཧེན་ལེ། མ་ཁྱུ། ཆུ་མུར། སུམ་མདོ། ས་སྨད་བཅས་ལ་བྱང་ས་ཁུལ་ཁག་བརྒྱད་ལ་གཟིགས་སྐོར་ཕེབས་རྗེས། དེ་ཁུལ་མི་མང་གི་བདེ་སྡུག་དང་། དཀའ་སེལ་ཆེད་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་པར་གྲུབ་སྟེ། སླར་ཡང་ལ་དྭགས་སླེ་རུ་ཆེད་ཕེབས་ཀྱིས་ཉིན་ཤས་རིང་མུ་མཐུད་སླེ་རུ་ལས་རིམ་བསྐྱང་འཆར་ཡོད་པ་བཅས།