བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་རྣམ་གཉིས་ནས་སུད་སིར་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། ། སྐབས་ ༡༧ པའི་ཡུ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་རྣམ་གཉིས་ནས་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༡ པོའི་ཚེས་ ༡༨ ཉིན་སྤྱི་འཐུས་རྣམ་གཉིས་ནས་ཡུ་རོབ་སུད་སི་ནང་ས་གནས་བོད་རིགས་མི་མང་རྣམས་ལ་གཏམ་བཤད་གནང་ཡོད་པ་རེད། གཏམ་བཤད་ལས་རིམ་སྐབས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སུད་སི་དང་ལེག་ཏེན་སིཌ་ཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་འབྲོག་ཚང་རྒྱ་མཚོ་ལགས། ཚོགས་གཞོན་སྐལ་བཟང་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག

མཛད་སྒོའི་ཐོག་སུད་སི་དང་ལེག་ཏེན་སིཌ་ཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཞོན་སྐལ་བཟང་ལགས་ནས་ངོ་སྤྲོད་གསུང་བཤད་དང་། ཚོགས་གཙོ་འབྲོག་ཚང་རྒྱ་མཚོ་ལགས་ནས་ལས་བསྡོམས་སྙན་སེང་ཞུས་གནང་འདུག་པ་བཅས།