ཟླ་འདིའི་ཕྱི་ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་བཅས་ཀྱི་སྐུ་ཚབ་ཚོགས་ཆུང་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཆོས་སྒྲོན་ལགས་བཅས་རྒྱ་གར་རྒྱལ་ས་ལྡི་ལིར་དགུན་དུས་རྒྱ་གར་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན་གྲོས་ཚོགས་གོང་འོག་འཐུས་མི་དང་བློན་ཆེན་ཁག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་ཕྱིར་ཆེད་ཕེབས་གནང་་ཡོད་པ་ལྟར། ཕྱི་ཚེས་ ༢༡ ཉིན་ཕྱི་དྲོ་ཚོུད་ ༢།༠༠ ཐོག་གྲོས་ཚོགས་གོང་མའི་འཐུས་མི་ Sardar Sukhdev Singh Dhidsa དང་། རིམ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་ Manoj Tiwari དང་ Dinesh Kashyap གཙོས་པའི་འཐུས་མི་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་ཡོད། ཕྱི་ཚེས་ ༢༢ ཉིན་སྔ་དྲོ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མ་མཆོག་དང་མཇལ་འཕྲད་ཀྱིས་འབྱུང་འགྱུར་ལས་དོན་གནང་ཕྱོགས་ལ་གོ་བསྡུར་ཞུས། དེའི་ཉིན་རྒྱབ་རྒྱ་གར་དབུས་གཞུང་གི་མེ་འཁོར་བློན་ཆེན་གཞོན་པ་དང་། ཨ་ཡུ་ཤི་བློན་ཆེན། ཀོང་རི་སི་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི། ཀར་ན་ཏྲ་ཀ་མངའ་སྡེ་སྤྱི་ཁྱབ་དང་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ Veerappa Moily སོགས་མཇལ་འཕྲད་ཞུས་ཡོད། མཇལ་འཕྲད་སྐབས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་རིམ་པའི་གྲོས་ཆོད་དགོངས་དོན་བཞིན། ད་ལྟའི་བོད་ནང་རང་ལུས་མེར་སྲེག་གཙོས་ཛ་དྲག་གི་གནད་དོན་དང་། བོད་དོན་དཀའ་རྙོག་སེལ་ཐབས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པས་རྒྱབ་སྐྱོར་ཡོང་བ་བཅས་འབོད་སྐུལ་ཞུ་བཞིན་ཡོད་པ་དང་། ད་བར་སྲིད་དོན་ཚོགས་པ་ཁག་ལྔ་དང་གྲོས་ཚོགས་གོང་འོག་གི་འཐུས་མི་བཅིུག་དབུས་གཞུང་གི་བློན་ཆེན་སོགས་མཇལ་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་གར་གྲོས་ཚོགས་ནང་དངུལ་ལོར་གསར་བརྗེ་དང་འབྲེལ་བའི་རྒྱ་གར་གྲོས་ཚོགས་ནང་རྙོག་ཟིང་ལང་བཞིན་ཡོད་ན་ཡང་མཇལ་འཕྲད་ཟིན་པའི་འཐུས་མི་ཚང་མས་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་ཁས་ལེན་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་གནང་ཡོད། སྲིད་དོན་ཚོགས་པ་ཚང་མས་བོད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་གནང་ཕྱོགས་ཀྱི་སྲིད་བྱུས་ཅིག་གྱུར་ཡིན་པའི་སྐོར་གསུང་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

Mr Bashistha Narian Singh, MP,( Rajya Sabha) སྐུ་ཞབས་བྷ་ཤི་ས་ཐའ་ ནའ་རིཡན སིང་མཆོག། (གྲོས་ཚོགས་གོང་མ།)

Mr Dinesh Kashyap, MP (Lok Sabha) སྐུ་ཞབས་ཌི་ནེཤ་ ཀ་ཤབ་མཆོག (གྲོས་ཚོགས་འོག་མ།)

Mr Dinesh Kashyap, MP (Lok Sabha) སྐུ་ཞབས་ཌི་ནེཤ་ ཀ་ཤབ་མཆོག (གྲོས་ཚོགས་འོག་མ།)

Mr Kaushalendra Kumar, MP (Lok Sabha) སྐུ་ཞབས་ཀོ་ཤལ་ལེན་ཌརའ ཀུ་མར་མཆོག (གྲོས་ཚོགས་འོག་མ།)

Mr M Veerappa Moily, MP (Lok Sabha) སྐུ་ཞབས་ཨེམ་ ཝིར་ར་པ་ མོ་ལི་མཆོག (གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ།)

Mr Vincent H Pala, MP (Lok Sabha) སྐུ་ཞབས་ཝིན་སིནཊ་ ཨེཆ་ པ་ལ་མཆོག (གྲོས་ཚོགས་འོག་མ།)

Mr Sardar Sukhdev Singh Dhindsa, MP (Rajya Sabha) སྐུ་ཞབས་སའར་ཌའར་ སུག་སྡེཕ་ སིང་ སྡིནཌ་སའ་མཆོག (གྲོས་ཚོགས་གོང་མ།)

Mr Shanta Kumar, MP (Lok Sabha) སྐུ་ཞབས་ཤན་ཏ་ཀུ་མར་མཆོག (གྲོས་ཚོགས་འོག་མ།)

Mr Shanta Kumar, MP (Lok Sabha) སྐུ་ཞབས་ཤན་ཏ་ཀུ་མར་མཆོག (གྲོས་ཚོགས་འོག་མ།)

With Mr Shripad Yesso Naik Minister of AYUSH སྐུ་ཞབས་ཤི་རིཔཌ། ཡེ་སོ། ནའེཀ་མཆོག ཨ་ཡུ་ཤིའི་བློན་ཆེན།

Mr Manoj Tiwari, MP (Lok Sabha) སྐུ་ཞབས་མ་ནོའཇ་ ཏི་ཝ་རི་མཆོག (གྲོས་ཚོགས་འོག་མ།)

Mr Manoj Tiwari, MP (Lok Sabha) སྐུ་ཞབས་མ་ནོའཇ་ ཏི་ཝ་རི། (གྲོས་ཚོགས་འོག་མ།)

With Mr Shripad Yesso Naik, Minister of Ayush་་སྐུ་ཞབས་ཤི་རི་པཌ། ཡེ་སོ། ནའེཀ་མཆོག ཨ་ཡུ་ཤིའི་བློན་ཆེན།

Mr Ram Prasad Sarmah, MP (Lok Sabha) སྐུ་ཞབས་རའམ་ པརའ་སའཌ་ སར་མའ། (གྲོས་ཚོགས་འོག་མ།)

Mr Sushil Kumar Singh, MP (Lok Sabha) སྐུ་ཞབས་སུ་ཤིལ་ ཀུ་མར་སིང་། (གྲོས་ཚོགས་འོག་མ།)

Mr Sushil Kumar Singh, MP (Lok Sabha) སྐུ་ཞབས་སུ་ཤིལ་ ཀུ་མར་སིང་། (གྲོས་ཚོགས་འོག་མ།)

Mr. Rajen Gohain, Minister of State for Railways སྐུ་ཞབས་ར་ཇེན་ གྷོ་ཧེན་མཆོག མེ་འཁོར་བློན་ཆེན