༄༅། །བོད་མི་མང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༦ ནས་ ༣༠ བར་ཉིན་གྲངས་ལྔའི་རིང་རྒྱ་གར་བྷི་ཧར་མངའ་སྡེའི་སྲིད་སྐྱོང་དང་། མངའ་སྡེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་སོགས་དང་མཇལ་འཕྲད་ཀྱིས་རྒྱལ་ས་པཊ་ན་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ཕྱི་ཚེས་ ༢༦ ཉིན་བྷི་ཧར་རྒྱལ་ས་པཊ་ནར་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་སུ་རེན་དྷ་ར་ ཀུ་མར་ (Surendra Kumar, National Co-Convener Core Group for Tibetan cause, India) ལགས་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཝི་ ཨན་ ཨུ་པ་དྷི་ཡེ་ (V N Upadhyay, General Secretary, ITFS Bihar) ལགས། ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་ཀེ་ ཝི་ ཡ་དེབ་ (K V Yadav, National Spokesperson, ITFS) ལགས། ཚོགས་པའི་འཛིན་སྐྱོང་ཚོགས་མི་ཁྲིམས་རྩོད་པ་རེ་ཀེ་ཤི་ ཐ་ཀུར་ (Rakesh Thakur, Advocate, Patna High Court, State Executive Member ITFS, Bihar) ལགས། ཚོགས་པའི་སློབ་ཕྲུག་ཚན་པའི་ཟུང་སྦྲེལ་ཚོགས་གཙོ་པར་ཤན་ཊ་ གྷོ་ཏམ་ (Prashant Gautam, National Co-Convener ITFS, Student Wing) ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། དགོང་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་ཇ་ན་ཏ་ དྷལ་སྲིད་དོན་ཚོགས་པ་དང་། བྷི་ཧར་མངའ་ཁོངས་ནས་ཡིན་པའི་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ནིལ་ ཧེ་ཌེ་ (Shri Anil Hegde, Member of the Parliament of India representing Bihar in the Rajya Sabha, Janata Dal (United) party) མཆོག་དང་། བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་དང་། ཇ་ན་ཏ་ དྷལ་སྲིད་དོན་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨ་ཧྤག་ ཨ་མེ་དྷ་ ཁན་ (Shri Afaq Ahmad Khan, Member of Bihar Legislative Council and National General Secretary, JDU) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་འདུག
ཕྱི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་བྷི་ཧར་མངའ་སྡེའི་གཞུང་གི་བློན་ཆེན་ཟུར་པ་དང་། དབུས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ཤི་ཝ་ནན་ཌི་ ཏི་ཝ་རི་ (Shri. Shivanand Tiwari ji (RJD), former Rajya Sabha MP and former Cabinet minister of the Bihar government) མཆོག་དང་། བྷི་ཧར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ར་ཇེན་དྷར་ ཝི་ཤི་ཝ་ན་ཏ་ ཨར་ལེ་ཀར་ (His Excellency Shri. Rajendra Vishwanath Arlekar,Honourable Governer of Bihar) མཆོག མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཨ་ཝ་དྷ་ བྷི་ཧ་རི་ ཅའོ་དྷ་རེ་ (Shri Awadh Bihari Choudhary, Honourable Speaker of Bihar Legislative Assembly) མཆོག བྷི་ཧར་མངའ་སྡེའི་གྲོས་ཚོགས་ཀྱི་ཁ་གཏད་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཝི་ཇེ་ ཀུ་མར་ སིང་ཧ་ (Shri Vijay Kumar Sinha (BJP), Opposition leader of Bihar Legislative Assembly) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད།
ཕྱི་ཚེས་ ༢༨ ཉིན་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་ཀྱི་ཐོག་བཅར་མྱོང་མཁན། ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་བྷ་ཤི་སི་ཐ་ ན་རེན་ སིངྒ་ (Shri.Bashistha Narain Singh (JDU) Rajya Sabha MP and a long time Tibet Supporter) མཆོག་དང་། ཆབ་སྲིད་དང་གྲོས་ཚོགས་ལམ་ལུགས་ཐོག་གི་ཤེས་ཡོན་དང་ཉམས་ཞིབ་བསྟི་གནས་ཁང་ (Jagjivan Ram Institute Of Parliamentary Studies And Political Research) ཞེས་པའི་ངེས་སྟོན་པ་འབུམ་རམས་པ་ན་རེན་དྷ་ར་པ་ཐག་ (Director Dr.Narendra Pathak) མཆོག མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཞོན་རམ་ ཅན་དྷ་ར་ པུར་ཝི་སྐུ་ཞབས་ཨ་ཝ་དྷ་ བྷི་ཧ་རི་ ཅའོ་དྷ་རེ་ (Shri Ram Chandra Purve, Deputy Chairman of the Bihar Legislative Council) མཆོག རྒྱ་གར་དབུས་གཞུང་གི་ལས་བྱེད་ཟུར་པ་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་དམ་པ་རམ་ ཅན་དྷ་ར་ ཁན་ (Ram Chandra Khan, retired IPS officer and the former President of ITFS Bihar) མཆོག་གི་སྐུ་ཟླ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བཞི་པ་བཞེས་མྱོང་མཁན་ལྕམ་སྐུ་ཨུ་ཤ་ ཀི་རན་ ཁན་ (Padmashree Usha Kiran Khan) མཆོག་དང་ལྷན་མཇལ་འཕྲད་དང་། དེ་བཞིན་པཊ་ན་ཁུལ་ལ་ཡོད་པའི་བོད་མི་སུད་ཚོང་བ་རྣམས་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་དང་ལྷན་ཐུག་འཕྲད་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་བྷི་ཧར་མངའ་སྡེའི་གྲོང་སྡེ་ཡར་རྒྱས་དང་། གྲོས་ཚོགས་ཀྱི་གནད་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཤ་ར་ཝན་ ཀུ་མར་ (Shri. Shrawan Kumar, Minister of Rural Development and Parliamentary Affairs in the Bihar Cabinet) མཆོག་དང་། བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ར་མེ་ཤི་ཝར་ ཀུ་མར་ མཱ་ཊོ་ (Shri. Rameshwar Kumar Mahto, Member of the Bihar Legislative Council, Janata Dal (United)) མཆོག རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་། ཨེལ་ ཇེ་ པི་སྲིད་དོན་ཚོགས་པའི་རྒྱལ་ཡོངས་ཚོགས་གཞོན་སྐུ་ཞབས་ཨ་རུན་ ཀུ་མར་ (Shri. Arun Kumar, former MP Lok Sabha and National Vice president of LJP party) མཆོག བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཨ་ཇེ་ ཨལ་མ་སེཊི་ (Shri Ajay Almast, former MLC) མཆོག བྷི་ཧར་མངའ་སྡེའི་ཁྲིམས་ཞིབ་ལྷན་ཚོགས་ཀྱི་འགན་འཛིན་ཁྲིམས་རྩོད་པ་སྐུ་ཞབས་ར་མ་ཀན་ཊ་ ཤར་མ་ (Shri Ramakant Sharma, Senior Advocate, and Bihar State Bar Council Chairman) མཆོག ཁྲིམས་ཞིབ་ལས་རོགས་འབུམ་རམས་པ་ཀེ་ ཨན་ སིངྒ་ (Dr. KN Singh, Additional Solicitor General Bihar) མཆོག པཏ་ན་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་ཟུར་པ་སློབ་དཔོན་ཨན་ ཀེ་ ཅའོ་དྷ་རེ་ (Prof. N.K. Choudhary, former principal of Patna College) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་རྒྱ་གར་ར་ཤི་ཊིར་ཡ་ ཇ་ན་ཏ་ དྷལ་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་གནང་སྐབས། ཚོགས་པའི་ཚོགས་གཙོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་ཇག་དྷ་ཨན་ཌི་ སིངྒ་ (Shri. Jagdanand Singh, President of Rashtriya Janata Dal of Bihar, former MLC and Lok Sabha MP) མཆོག་དང་། སྤྱི་ཁྱབ་དྲུང་ཆེ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཤ་ཡམ་ ར་ཇག་ (Shri. Shyam Rajak ji, General Secretary RJD, former MLA and Cabinet minister Bihar Government) མཆོག མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཏན་ཝིར་ ཧ་སན་ (Shri Tanveer Hassan, former MLC) མཆོག་བཅས་ནས་སྣེ་ལེན་མཇལ་འཕྲད་གནང་འདུག
ཕྱི་ཚེས་ ༣༠ ཉིན་བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་སན་ཇེ་ པ་ས་ཝན་ (Shri Sanjay Paswan, Member of Bihar Legislative council and former union minister) མཆོག་དང་། བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ཌེ་ཝེ་ཤི་ ཅན་དྷ་ར་ ཐ་ཀུར་ (Shri Devesh Chandra Thakur, Chairman of Bihar Legislative Council) མཆོག བྷི་ཧར་མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨུ་དའེ་ ནཱ་རཱ་ཡན་ ཅའོ་དྷ་རེ་ (Shri Udhay Narayan Choudhary, former Speaker of the Bihar Legislative Assembly) མཆོག བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་དང་། བྷི་ཧར་ཁུལ་གྱི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཌེ་ཝེ་ཤི་ ཀུ་མར་ (Shri Devesh Kumar, Member of Bihar Legislative Council and Vice President of BJP, Bihar) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་དང་། དེ་བཞིན་དེ་ཉིན་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་བུད་མེད་ནུས་སྟོབས་ཀྱི་མཛད་སྒོ་ཞིག་ཚོགས་པའི་ཐོག་བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་རམ་ ཅན་དྷ་ར་ པུར་ཝེ་ (Shri Ram Chandra Purve, Deputy Speaker of Bihar Legislative Council) མཆོག་གིས་སྤྱི་འཐུས་རྣམ་པ་གཉིས་གདན་ཞུས་ཀྱིས་ཆེ་བསྟོད་གནང་རྗེས། ཕྱི་དྲོ་རྒྱ་གར་གྱི་གསར་འགོད་པ་འདུ་འཛོམས་ཐོག་བོད་དོན་སྐོར་ངོ་སྤྲོད་དང་། དྲི་བ་དྲིས་ལན་གནང་ཡོད་འདུག
ཐེངས་འདིའི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༦ ནས་ ༣༠ བར་ཉིན་གྲངས་ལྔའི་རིང་བྷི་ཧར་མངའ་སྡེའི་སྲིད་སྐྱོང་དང་། རྒྱ་གར་དབུས་གྲོས་ཚོགས་འཐུས་མི། མངའ་སྡེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་ཁག་ཅིག གཞན་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་སྐབས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོན་ཚན་བཅུ་ཅན་གྱི་ཞུ་ཡིག་སོགས་ཕུལ་ཏེ། བོད་དོན་སྐོར་ཞུ་སྐུལ་དང་། གསར་འགོད་ལྷན་ཚོགས་བསྐོང་ཚོགས་ཀྱིས་བོད་དོན་སྐོར་ངོ་སྤྲོད་སོགས་གནང་ཡོད་འདུག
པཏ་ན་ཁུལ་གྱི་ལས་རིམ་ཉིན་མཐའ་མའི་དགོང་མོ་ཆུ་ཚོད་ ༩།༠༠ པར་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པ་འདུ་འཛོམས་ཐོག ཉིན་ལྔའི་རིང་བྷི་ཧར་མངའ་སྡེའི་རྒྱལ་ས་པཊ་ན་ཁུལ་ལ་བོད་དོན་ཞུ་སྐུལ་གནང་སྐབས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པས་མཐུན་འགྱུར་གང་ལེགས་གནང་བར་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཐུགས་རྗེ་ཆེ་ཞུས་གནང་ཞིང་། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་སུ་རེན་དྷ་ར་ ཀུ་མར་ (Surendra Kumar, National Co-Convener་of Core Group for Tibetan Cause) ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་འཛིན་སྐྱོང་ཚོགས་མི་སློབ་དཔོན་པ་ར་མུ་ཌི་ ཀུ་མར་ (Prof. Pramod Kumar Sharma ji , Executive Committee of ITFS) ལགས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཝི་ ཨན་ ཨུ་པ་དྷི་ཡེ་ (Prof. V N Upadhyay, General Secretary, ITFS Bihar) ལགས། ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་ཀེ་ ཝི་ ཡ་དེབ་ (K V Yadav, National Spokesperson, ITFS) ལགས། ཚོགས་པའི་འཛིན་སྐྱོང་ཚོགས་མི་ཁྲིམས་རྩོད་པ་རེ་ཀེ་ཤི་ ཐ་ཀུར་ (Rakesh Thakur, Advocate, Patna High Court, State Executive Member ITFS, Bihar) ལགས། ཚོགས་པའི་སློབ་ཕྲུག་ཚན་པའི་ཟུང་སྦྲེལ་ཚོགས་གཙོ་པར་ཤན་ཊ་ གྷོ་ཏམ་ (Prashant Gautam, National Co-Convener ITFS, Student Wing) ལགས་བཅས་ཕེབས་གནང་ཡོད་འདུག་པ་བཅས།