བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་ཤིས་ལོངས་ས་གནས་འཐུས་ཚོགས་ལ་ཟབ་སྦྱོང་གནང་བར་ཕེབས་པ།

 

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་ཀྱི་རིང་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་

དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་ཀྱིས་ཤིས་ལོངས་ས་གནས་འཐུས་ཚོགས་ལ་

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས། དེ་བཞིན་སྔོན་

རྩིས་གཏན་འབེབས་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་སོགས་ཀྱི་

སྐོར་ཟབ་སྦྱོང་ཕུལ་ཡོད་པ་རེད། གཞན་ཡང་ཕྱི་ཚེས་ ༡༤།༡༦ སོ་སོར་སྤྱི་འཐུས་རྣམ་གཉིས་ཀྱིས་ཁུལ་དེའི་

རྒྱལ་རྒྱུད་ཁྱིམ་ཚང་དང་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་ཞུས་ཏེ་ས་གནས་བོད་མིའི་དཀའ་

ངལ་གྱི་སྐོར་ཡང་སྙན་གསན་ཞུས་ཡོད་པ་རེད། ­­