བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཀའ་སྤྱི་ལྷན་ཚོགས།

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦།༣༠ སྟེང་། བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཚོགས་དྲུང་ལས་ཁུངས་ཀྱི་དཔེ་མཛོད་ཚོགས་ཁང་དུ་བཀའ་སྤྱི་ལྷན་རྒྱས་ཚོགས་ཏེ། བྱེད་སྒོའི་སྐོར་ལ་བཀའ་བསྡུར་གནང་བ་དང་། དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ སྟེང་བསྐྱར་དུ་བཀའ་སྤྱི་ལྷན་ཚོགས་གནང་ཡོད།

ལྷན་ཚོགས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་སུ་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་སྡེ། དེ་བཞིན་རྒྱ་གར་གྱི་གནད་ཡོད་མི་སྣ་དང་དབུ་ཁྲིད། བཙན་བྱོལ་བོད་མིའི་སྤྱི་ཚོགས་བཅས་ནས་གདུང་སེམས་མཉམ་བསྐྱེད་དང་ལས་འགུལ་སྤེལ་ཕྱོགས་ལ་བཀའ་བསྡུར་གནང་སྟེ་གཞུང་འབྲེལ་མཛད་འཆར་ཁག་གཏན་འབེབས་གནང་ཡོད།

ལྷན་ཚོགས་སུ་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང། བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ཚོགས་ཕེབས་གནང་ཡོད།

Menu