བོད་ནང་གི་ཛ་དྲག་གནས་སྟངས་ཆེད་སྤྱི་འཐུས་རྣམ་པས་ཆོས་ལུགས་ཁག་གི་བླ་ཆེན་མཇལ་འཕྲད་དང་གདན་ཞུ།

༄༅། །སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་མཁན་པོ་ཆོས་གྲགས་རྒྱ་མཚོ་གཉིས་ནས་ཕྱི་ལོ་ ༢༠༡༡།༡༠།༡༦ དང་ ༡༧

  ཉིན་གཉིས་རིང་རྒྱལ་སྤྱིའི་ཆོས་ལུགས་ཁག་གི་བོད་ཀྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཡོང་བ་དང། ཕྱི་ཚེས་ ༡༩ ཉིན་གྷན་དྷིའི་བང་སོ་ཡོད་སར་སྨོན་ལམ་མཆོད་འབུལ་དུ་གདན་འདྲེན་ཞུ་ཆེད་མཇལ་འཕྲད་གནང་བ་ཁག

༡ ལྡི་ལི་གཅེར་བུ་བའི་ཆོས་ལུགས་ཀྱི་ཆོས་དཔོན་ཨཱཅརྱ་སཌ་ཝི་སཌ་ན་ཇི།(Acharya Sadhvi Sadhnaji)

༢ ལྡི་ལི་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་འཐུས་མི་ཀེ་ ཝཱ་ནཱ་ ར་ཐ་ན་ ཐི་རོ།(Ven K. Wana Rathana Thero)

༣ ཌོག་ཌར་ མ་ཧིན་ཌར་ སིངྒ་།(Dr. Mahinder Singh)

༤ ཡེ་ཤུའི་ཆོས་དཔོན་ཝེན་སནཌ་ ཨེམ་ ཀོན་སི་སའོ།(Archbishop Vincent M. Concessao)

༥ ཇུ་དྷའི་ཆོས་དཔོན་རབ་བྷི་ མ་ལེ་ཀར།(Mr. Rabbi Malekar)

༦ བྷ་ཧའི་ཆོས་དཔོན་ཌོར་ཌར་ ཨེ་ ཀེ་ མར་ཅནཊ།(Dr. A. K. Merchant)

༧ ཧིན་དྷུའི་ཆོས་དཔོན་སྭམི་ ནི་ཇ་མ་རི་ཌའི་སྒེར་དྲུང་ར་མེཤ་པི་ལའེ།(Swami Nijamarida’s P.A. Mr. Ramesh Pillai)