བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཀའ་སྤྱི་ལྷན་རྒྱས།

ཟླ་ ༢ ཚེས་ ༡༤ ཉིན་སྔ་དྲོ་ཚོུད་ ༡༡།༣༠ ནས་དགོང་མོ་ཚོུད་ ༤།༠༥ བར་སྤྱི་ལྷན་དཔེ་མཛོད་ཁང་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བཀའ་བློན་ཁྲི་པ་ཌོག་ཊར་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་ཚོགས་སྐྱངས་ཏེ། བཀའ་སྤྱི་ལྷན་རྒྱས་ཀྱི་རྣམ་ཀུན་སྲིད་ཇུས་འཛིན་ཕྱོགས་དང་ལས་དོན་བྱེད་ཕྱོགས། བོད་ནང་ཛ་དྲག་གནས་ཚུལ་བསྟུད་མར་འབྱུང་བཞིན་པའི་ཐོག་ཇི་དགེ་བཀའ་བསྡུར་ལྷུག་པོར་གནང་ཡོད་པ་དང་། དེ་མིན་གྱི་གནད་དོན་གཞན་ཐད་གོ་བསྡུར་ཞིབ་རྒྱས་གནང་ཡོད་པ་རེད།

 

ལྷན་ཚོགས་འདིར་ཚོགས་གཙོ་སྦྲེལ་པོ་གཙོས་པའི་སྤྱི་འཐུས་རྒྱུན་ལས་ ༧ དང་། བཀའ་བློན་ཁྲི་པས་གཙོས་པའི་ཕྱག་རོགས་བཀའ་བློན་ ༦ མཉམ་ཞུགས་གནང་ཡོད།

Menu