ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་མ་ཧ་ར་སི་ཏྲིལ་མངའ་སྡེ་ཡི་རྒྱལ་ས་བྷོམ་བྷེའེ་ནས་རྒྱ་གར་སྒྱུ་
རྩལ་ལས་རིགས་གཉེར་མཁན་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད། ཞུ་གཏུག་ཚོགས་ཆུང་
ནས་ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་རྒྱ་གར་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་( firoz nadiadwala )
མཆོག་དང་མཇལ་འཕྲད་ཞུས་པར་ཁོང་གིས་གསུངས་དོན། ང་ཚོ་འདི་ལྟར་སྡོད་རན་མ་ཡིན་པར་བོད་
དོན་ཆེད་ལས་འགུལ་ཞིག་སྤེལ་དགོས་སྐོར་དང་། ལྷག་པར་རྒྱལ་སྤྱིའི་ངོས་ནས་བོད་དོན་སྐོར་དོ་སྣང་
དང་རྒྱབ་སྐྱོར་ཡོང་བར་ང་ཚོས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་
སོགས་གསུངས་ཏེ་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་རེད། ཁོང་དང་ལྷན་
དུ་ཀར་ན་ཀྲ་ཀའི་གློག་བརྙན་འཁྲབ་མཁན་( Lakshmi Rai )དང་ཡང་མཇལ་འཕྲད་ཞུས།
ཚེས་ ༣༡ ཉིན་གློག་བརྙན་འཁྲབ་མཁན་( Anupam Kher )མཆོག་དང་མཇལ་འཕྲད་གནང་བས་
ཁོང་གིས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་ལུགས་གསུངས་རྗེས།
ཁོང་གིས་འཁྲབ་བཞིན་པའི་གློག་བརྙན་(Me Tera Hero)ང་ཁྱེད་རང་གི་དཔའ་བོ་ཞེས་པའི་གློག་
བརྙན་འཁྲབ་སྟེང་དུ་གདན་ཞུ་གནང་བ་ལྟར་སྤྱི་འཐུས་རྣམ་པ་ཕེབས་ཡོད་པ་རེད། སྐབས་དེར་གློག་
བརྙན་འཁྲབ་མཁན་( Varun Dhawan )མཆོག་དང་། གཙོ་འཁྲབ་གྲགས་ཅན་( Ileana D’cruz )
མཆོག་བཅས་ལ་དང་མཇལ་འཕྲད་ཞུས་པ་མཟད་། གཙོ་འཁྲབ་གྲགས་ཅན་( Rajpal Yadav )མཆོག་
དང་ཡང་མཇལ་འཕྲད་ཞུས། ཁོང་ནི་བོད་ཀྱི་རྒྱལ་དར་འཕྱར་ཏེ་ཞབས་བྲོ་ཁྲབ་ཡོད་པའི་གློག་བརྙན་
( Nargis Fakhri) ཡི་གཙོ་འཁྲབ་མཁན་ཡང་ཡིན་པ་རེད། གཞན་ཡང་དགོད་གཏམ་འཁྲབ་མཁན་
( Fakhri Nargis )སོགས་དང་མཇལ་ནས་བོད་དོན་ངོ་སྤྲོད་སྤྱི་དང་། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་
སྲིད་བྱུས་འོག་བོད་མིའི་དཀའ་ངལ། ལྷག་པར་སྐུ་ལུས་མེ་སྲེག་སྐོར་བཅས་ངོ་སྤྲོད་ཞུས་སྐབས་ཁོང་རྣམས་
ཀྱིས་ཚོར་ཤུགས་ཆེན་པོའི་སྒོ་ནས་རྒྱབ་སྐྱོར་ཡོད་སྐོར་གསུངས་བ་མ་ཟད། བོད་དོན་སྐོར་ལ་གློག་བརྙན་
འཁྲབ་འདོད་ཡོད་པ་དང་ངེས་པར་འཁྲབ་ཀྱི་ཡིན་སྐོར་ཡང་གསུངས་ཡོད་པ་རེད། སྤྱི་འཐུས་རྣམ་པས་
ང་ཚོས་ཁྱེད་རྣམས་ཀྱིས་ཁྲབ་པའི་གློག་བརྙན་ལ་རེ་སྒུག་བྱེད་ཀྱི་ཡིན་ལུགས་ཞུས།
ཟླ་ ༩ ཚེས་ ༣ ཉིན་གཟེངས་རྟགས་གྲགས་ཅན་དུ་མ་ཐོབ་མྱོང་མཁན་གྱི་གློག་བརྙན་འཁྲབ་ཁྲིད་པ་དང་
མཁས་དབང་( Shyam Benega ) མཆོག་ལ་མཇལ་འཕྲད་ཞུས། ཁོང་ནི་བོད་དོན་ལ་རྒྱུས་མངའ་དང་
རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པར་མ་ཟད། ཁོང་ཉིད་གང་མྱུར་དྷ་སར་ཕེབས་རྒྱུ་ཡིན་
ལུགས་གསུངས། དེ་རྗེས་གཙོ་འཁྲབ་པ་གྲགས་ཅན་( Vivek Oberai )མཆོག་དང་མཇལ། ཁོང་བོད་ཀྱི་
གནས་བབ་སྐོར་ཧ་ཅང་ཐུགས་རྒྱུས་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། ༸གོང་ས་མཆོག་གི་ཆེད་
དུ་ཁོང་གིས་གང་ཞིག་བྱ་དགོས་ཀྱང་བྱ་ངེས་ཡིན་པས་ཁྱེད་ཅག་ནས་ཕྱག་རོགས་གང་དགོས་ངེས་པར་
གསུང་རོགས་ཞེས་གསུངས་ཡོད་པ་རེད། ཚེས་ ༤ ཉིན་གཙོ་འཁྲབ་པ་ཨ་མི་རི་ཁན་ལགས་ཁྲབ་སྟོན་ཞིག་
གི་ཆེད་ཕྱི་རྒྱལ་ལ་བསྐྱོད་དགོས་པས་ཁོང་གི་བཟའ་ཟླ་ཁྲབ་ཁྲིད་པ་( Kiran Rao )མཆོག་དང་མཇལ་
འཕྲད་ཞུས། ཁོང་གིས་གཟའ་ཟླས་ཁྱེད་རྣམས་ལ་སྣེ་ལེན་ལེགས་པོ་གནང་དགོས་པའི་མངགས་བྱ་གནང་
བྱུང་གསུངས་བ་དང་། རང་ལུས་མེ་སྲེག་གནང་བའི་དཔའ་བོ་དཔའ་མོ་ཚོའི་འདྲ་པར་དང་ལོ་རྒྱུས་
མཐོང་དུས་མིག་ཆུ་དབང་མེད་ཤོར་ཏེ་རྒྱ་ནག་གཞུང་ལ་ཚོར་བ་གང་ཡང་མེད་པ་ག་རེ་ཡིན་ནམ།
ལོ་གཞོན་དེ་འདྲ་མང་པོ་མེ་སྲེག་གནང་བ་ནི་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཆགས་ཡོད་སྐོར་
དང་།ཡང་ཁོང་གིས་རང་ཉིད་བོད་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་ལུགས་
གསུངས།ཐེངས་འདིའི་ཞུ་གཏུག་ལས་འགུལ་གྱི་ཁྲོད་རྒྱ་གར་གློག་བརྙན་སྒྱུ་རྩལ་ལས་རིགས་ཀྱི་གྲགས་
ཅན་མི་སྣ་ཚོས་བོད་དོན་ལ་སྔར་ལྷག་ཐུགས་སྣང་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་བཅས་ཀྱི་གནས་
བསྡུས་སུ།