༄༅། །བོད་དོན་རྒྱབ་སྐྱོར་བ་རྒན་གྲས་ དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ཟུར་པ། ཤེས་ལྡན་མི་སྣ་གྲགས་ཅན། དེ་བཞིན་རྒྱ་གར་གྱི་མི་སེར་གཟེ ངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་ བྷུ་ཤན་ (Padma Vibhushan) བཞེས་མྱོང་མཁན་ལྕམ་སྐུ་ཀ་པི་ལ་ ཝ་ཏི་སེ་ཡ་ཡན་ (Kapila Vatsyayan) མཆོག་དགུང་ལོ་ ༩༡ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༨ ཉིིན་དཔལ་ལྡན་བོད་མི་མང་སྤྱི་ འཐུས་ཚོགས་གཙོ་པདྨ་འབྱུང་གནས་ མཆོག་གིས་གཞིས་བྱེས་བོད་མི་ཡོ ངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུ ལ་གནང་འདུག
ཐུགས་གསོའི་འཕྲིན་ཡིག་ནང་འཁོད་ དོན། དམ་པ་ཁོང་གི་སྐུ་ཚེའི་བྱ་གཞག་གི ་བརྒྱུད་རིམ་ནང་། ཁོང་གིས་རྒྱ་གར་གྱི་གྲོས་ཚོགས་ འཐུས་མི་གནང་མྱོང་ཡོད་པ་མ་ཟད། རྒྱ་གར་གཞུང་གི་ཤེས་ཡོན་ལྷན་ཁང་ གི་དྲུང་ཆེ་གནང་སྟེ། མཐོ་སློབ་ཤེས་ཡོན་བསྟི་གནས་ཁང་ མང་པོ་ཞིག་གསར་འཛུགས་གནང་རྒྱུར་ ནུས་པ་ཆེན་པོ་བཏོན་ཡོད། དེ་བཞིན་ཁོང་གིས་ཨིན་དི་རཱ་གན་ དྷི་རྒྱལ་ཡོངས་སྒྱུ་རྩལ་བསྟི་ གནས་ཁང་ (Indira Gandhi National Centre for the Arts) གི་ངེས་སྟོན་པ་དང་། རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ ཁང་ (India International Centre) གི་ཚོགས་གཙོ་སོགས་གནང་ཡོད། མདོར་ན་དམ་པ་ཁོང་ནི་རྒྱ་གར་སྲོ ལ་རྒྱུན་གྱི་ཞབས་བྲོ་དང་། སྒྱུ་རྩལ། སྒྱུ་རྩལ་གྱི་ལོ་རྒྱུས། བཟོ་བཀོད་སོགས་ཀྱི་ཐོག་སྙན་གྲ གས་ཡོད་པའི་མཁས་པ་ཞིག་ཡིན།
དམ་པ་ཁོང་གིས་སྤྱི་ཚོགས་ནང་ལེ གས་སྐྱེས་གང་ལེགས་ཕུལ་བར། བསྔགས་བརྗོད་གཟེངས་རྟགས་མང་པོ་ ཐོབ་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་དབུས་གཞུང་ནས་དམ་པ་ དེ་ཉིད་ལ་རྒྱ་གར་གྱི་མི་སེར་གཟེ ངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་ བྷུ་ཤན་ (Padma Vibhushan) གནང་ཡོད།
ལྕམ་སྐུ་དམ་པ་ཀ་པི་ལ་མཆོག་ནི་བོ ད་མིའི་བླ་ན་མེད་པའི་དབུ་འཁྲིད་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེ ན་པོ་མཆོག་གི་ཐུགས་ཉེ་པོ་ཡོད་ པའི་གྲོགས་པོ་ཞིག་དང་། བོད་མིའི་རྩ་དོན་ཐོག་རྟག་ཏུ་རྒྱ བ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་རེ ད།
ཁོང་གིས་ང་ཚོའི་རྩ་དོན་ཐོག་ཡུ ན་རིང་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༦༧ ནང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི ་གཙུག་ལག་སློབ་གཉེར་ཁང་གསར་འཛུ གས་གནང་སྐབས་རྒྱབ་སྐྱོར་དང་ནུས་ པ་ཆེན་པོ་བཏོན་ཡོད་པ་རྣམས་ང་ཚོ་ བོད་པ་ཚོས་རྟག་ཏུ་དྲན་བཞིན་ཡོད། མཐོ་སློབ་གསར་འཛུགས་ཐོག་རྒྱབ་སྐྱོ ར་ཙམ་མིན་པར། མུ་མཐུད་ཁོང་གིས་མཐོ་སློབ་ཀྱི་ མཐུན་རྐྱེན་དང་། ཤེས་ཡོན་ལམ་ལུགས། འཛིན་སྐྱོང་སྒྲོམ་གཞི་བཅས་ཀྱི་ ཡར་རྒྱས་ཐོག་ལའང་རྒྱབ་སྐྱོར་ གནང་ཡོད། ཁོང་གིས་བོད་ཀྱི་རྩ་དོན་ཐོག་ནུ ས་པ་ཆེན་པོ་བཏོན་པར་ང་ཚོས་བཀའ་ དྲིན་ཆེ་ཞུ་རྒྱུ་ཡིན། དམ་པ་ཁོང་ནི་ང་ཚོར་སེམས་ཤུགས་སྤ ར་མཁན་ཞིག་དང་། ང་ཚོའི་སེམས་ནང་ནས་རྟག་ཏུ་བྲལ་ ཐབས་མེད་པ་ཞིག་ཡིན།
ངས་སྐབས་བཅུ་དྲུག་པའི་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ ཞུས་ཏེ། དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོ ས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ ཡིན།
ལྕམ་སྐུ་མཆོག་སྐུ་གཤེགས་པ་དེས་ རྒྱ་གར་རྒྱལ་ཁབ་ཡོངས་ལ་གྱོང་གུ ད་ཆེན་པོ་ཕོག་ཡོད་པ་མ་ཟད། ང་ཚོ་བོད་པ་ཚོར་མཚོན་ནའང་བོད་ པའི་གྲོགས་པོ་བློས་ཐུབ་གཅིག་མེ ད་པ་ཆགས་ཡོད་ཅེས་འཁོད་གནང་འདུག་ པ་བཅས། །