བོད་ཀྱི་ས་ཁྲ་འབུར་དོད་རི་མོར་ཉམས་གསོ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅། ། ཉེ་ཆར་གཞུང་འབྲེལ་མིན་པའི་ཚོགས་པ་ (Tibet Hope Center)  ནས་བཀའ་འཁྲོལ་ཞུས་པ་བཞིན། ཌེན་མག་གི་སློབ་ཕྲུག་ཚོགས་པ་ཞིག་བཞུགས་སྒར་རྡ་སར་ཕེབས་ཏེ་བོད་ཀྱི་འགྲེམས་སྟོན་ཁང་གི་མདུན་དུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་གཙང་བཟོ་དང་། བོད་ཀྱི་ས་ཁྲ་འབུར་དོད་རི་མོར་མཚོན་རྩིས་བྱུག་པ་སོགས་ཉམས་གསོ་གནང་གྲུབ་བསྟུན།

དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༣ ཉིན་མེག་གྷན་དུ་ཟུང་དྲུང་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ཚོགས་དྲུང་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཉམས་གསོའི་ལས་དོན་གྲུབ་པར་མཇལ་དར་དང་ཐུགས་རྗེ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ། །