བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ཚོགས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ལ་ཕེབས་པ།

IMG_4187 IMG_4200

 

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་ཡོད་པ་དང་། ཐོག་མར་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཁོང་རྣམ་པར་འཚམས་འདྲི་གནང་ཞིང་། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་དང་། ཚོགས་དྲུང་སྟོབས་རྒྱལ་མཆོག་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་དང་། མང་གཙོའི་འཕེལ་རིམ་ངོ་སྤྲོད་སོགས་གནང་ཡོད་པ་རེད། ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ པར་ཚོགས་མི་གྲངས་ ༡༣༠ ལྷག་ཙམ་ཕེབས་ཞུགས་གནང་ཡོད་པ་རེད།

Menu