བདེན་པའི་མེ་ལྕེ་སྐོར་བསྐྱོད་ལ་རྒྱ་གར་གནད་ཡོད་མི་སྣ་དང་སློབ་ཕྲུག་ཚོས་རྒྱབ་སྐྱོར་ཤུགས་ཆེ་གནང་བ།

ཇེ་སྤུར། ༢༠༡༢།༡༠།༡༨ ཇེ་སྤུར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་གཞོན་པ། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་ཤེས་ཡོན་མི་སྣ། སློབ་ཕྲུག་དང་རྒྱ་གར་མང་ཚོགས་བཅས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད།

ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་གཞོན་པའི་ལྷན།ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་གཞོན་པའི་ལྷན།

དེ་ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྒུ་ཇུ་ར་ཐ་ (Gujarat) མངའ་སྡེའི་ནང་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། ཟླ་ ༡༠ ཚེས་ ༡༤ ཞོགས་པ་སྙན་གྲགས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་ས་གནས་ར་ཇ་སེ་ཐན་ (Rajasthan) མངའ་སྡེའི་རྒྱལ་ས་ཇེ་སྤུར་ (Jaipur) དུ་འབྱོར་བ་དང་། སྐབས་དེར་བོད་མིའི་ཚོང་པའི་སྐྱིད་སྡུག་གི་འཐུས་མི་དང་། སློབ་སྟོན་པ་རྣམས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་ཞུས་པ་དང་། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ར་ཇ་སེ་ཐན་མངའ་སྡེ་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་གཞོན་པ་སྐུ་ཞབས་ གྷན་ཤམ་ཏི་ཝ་རི་ (Ghanshyam Tiwari) མཆོག་མཇལ་འཕྲད་ཞུས་ཏེ། བོད་དོན་སྤྱི་དང་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་ཞུས་པ་མ་ཟད། བོད་དོན་ཡིག་ཆ་འབུལ་ལམ་ཞུས་པ་དང་། སྐུ་ཞབས་གྷན་ཤམ་ཏི་ཝ་རི་མཆོག་ནས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་སྟེ་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད།

ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ནས་མཚན་རྟགས་གནང་བཞིན་པ།ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ནས་མཚན་རྟགས་གནང་བཞིན་པ།གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་གནང་བཞིན་པ།གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་གནང་བཞིན་པ།

ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་ར་ཇ་སེ་ཐན་མངའ་སྡེའི་ཤེས་ཡོན་བློན་ཆེན་མཆོག་གི་ཡབ་དགོངས་པ་རྫོགས་པར་ཐུགས་གསོ་ཞུ་སླད། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་པའི་ཚོང་པའི་འཐུས་མིའི་ཚོ་ཁག་བློན་ཆེན་མཆོག་གི་གཟིམ་ཤག་ཏུ་ངོ་བཅར་ཞུས་ཏེ་ཐུགས་གསོ་ཞུས་པ་དང་། ལྷག་པར་བློན་ཆེན་མཆོག་ནས་བོད་མི་ཚོང་པ་ཚོར་སྔ་བར་ཕྱི་གསུམ་དུ་རྒྱབ་སྐྱོར་གནང་བར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

གསར་འགོད་ལྷན་ཚོགས་སྐབས།གསར་འགོད་ལྷན་ཚོགས་སྐབས།མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་མཚན་རྟགས་གནང་བཞིན་པ།མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་མཚན་རྟགས་གནང་བཞིན་པ།

ཕྱི་ཚེས་ ༡༦ ཉིན་ཇེ་སྤུར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་བརྒྱུད་ལམ་འདྲ་མིན་ ༣༠ ཙམ་གྱི་གསར་འགོད་པར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་ནང་ཕྱི་ལོ་ ༢༠༠༢ ནས་ད་བར་བོད་མི་ ༥༥ ཡིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་བའི་ཁོངས་ནས་བོད་མི་ ༤༥ འདས་གྲོངས་སུ་གྱུར་བ། རྒྱ་གཞུང་ནས་བོད་ཀྱི་ཁོར་ཡུག་གནས་སྟངས་གཏོར་བཤིག་བཏང་དང་གཏོང་བཞིན་པས་སྤྱིར་འཛམ་གླིང་དང་། ཡང་སྒོས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བདེ་འཇགས་དང་འབྲེལ་བ་ཡོད་པ་རྣམས་ངོ་སྤྲོད་ཞུས་པ་དང་། ད་དུང་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱི་གཙོས་མང་ཚོགས་ནས་བོད་མིའི་དྲང་བདེན་དང་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་དུས་ལ་བབ་ཡོད་སྐོར་སོགས་ངོ་སྤྲོད་གནང་བ་དང་། དེ་ནས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད་པས་མ་ཟད། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་སྐུ་པར་དང་། རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་ཇི་ལྟར་བྱེད་བཞིན་ཡོད་པའི་འདྲ་པར་རྣམས་ཀམ་སྤུ་ཊར་བརྒྱུད་གཟིགས་འབུལ་དང་ངོ་སྤྲོད་ཞུས་སྐབས། གསར་འགོད་པ་རྣམས་ནས་ཐུགས་སྣང་ཆེན་པོ་གནང་བ་མ་ཟད། དེ་དགོང་གཟུགས་མཐོང་བརྙན་འཕྲིན་ཁག་གཅིག་དང་ཕྱི་ཉིན་གསར་ཤོག་མང་པོའི་ནང་བོད་དོན་གནས་ཚུལ་རྒྱ་ཆེ་ཐོན་ཐུབ་པ་བྱུང་ཡོད།

ཇེ་སྤུར་མང་ཚོགས་ནས་བདེན་པའི་མེ་ལྕེ་འདེགས་བཞིན་པ།ཇེ་སྤུར་མང་ཚོགས་ནས་བདེན་པའི་མེ་ལྕེ་འདེགས་བཞིན་པ།ཇེ་སྤུར་སུད་ཚོང་སྐྱིད་སྡུག་གི་འགོ་ཁྲིད་རྣམས་ནས་བདེན་པའི་མེ་ལྕེ་འདེགས་བཞིན་པ།ཇེ་སྤུར་སུད་ཚོང་སྐྱིད་སྡུག་གི་འགོ་ཁྲིད་རྣམས་ནས་བདེན་པའི་མེ་ལྕེ་འདེགས་བཞིན་པ།

ཕྱི་ཚེས་ ༡༧ ཞོགས་པ་ཆུ་ཚོད་ ༩།༣༠ ཐོག་ཇེ་སྤུར་སུད་ཚོང་སྐྱིད་སྡུག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་སྲུང་བརྩི་ཞུས་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་གདན་ཞུ་གནང་བ་དང་། དང་ཐོག་ལྷ་ཆོས་སྐྱོང་སྲུང་མར་འཕྲིན་སྐུལ་དང་། དེ་ནས་སྐྱིད་སྡུག་ཚོགས་གཙོ་པདྨ་ལྷ་སྐྱབས་ལགས་ནས་དུས་དྲན་ངོ་སྤྲོད་གནང་། དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། རང་ལུས་མེར་སྲེག་བཅས་ཀྱི་སྐོར་གཏམ་བཤད་གནང་སྟེ། མཛད་སྒོ་མཇུག་སྒྲིལ་བྱུང་ཡོད་པ་རེད།

གསར་འགོད་པ་ཚོར་བོད་ནང་པར་གཟིགས་འབུལ་ཞུ་བཞིན་པ།གསར་འགོད་པ་ཚོར་བོད་ནང་པར་གཟིགས་འབུལ་ཞུ་བཞིན་པ།

ཕྱི་ཚེས་ ༡༧ ཉིན་གུང་ཆུ་ཚོད་ ༡༡།༢༠ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ནས་ར་ཇ་སེ་ཐན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ རྡི་སྤེན་རྡ་ར་ སིང་ ཤེ་ཁ་ཝ་ཏེ་ (Deependra Singh Shekhawat)

མཆོག་མཇལ་འཕྲད་ཞུས་པ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་བོད་དོན་སྤྱི་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་ནང་ད་བར་བོད་མི་ ༥༥ ཡིས་རང་ལུས་མེར་སྲེག་གཏང་བའི་གནས་སྟངས་སོགས་ངོ་སྤྲོད་ཞུས་པ་མ་ཟད། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་བོད་དོན་ཞུ་སྙན་དང་ཡིག་ཆ་ཁག་གཅིག་ཕུལ་བ་དང་། ཚོགས་གཙོ་མཆོག་ནས་ཞུ་སྙན་དེ་བཞིན་རྒྱ་གར་དབུས་གཞུང་ཕྱི་སྲིད་ལས་ཁུངས་ལ་ངེས་པར་འཕྲོད་པ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་བ་དང་། ཁོང་ནས་རྒྱལ་ཚོགས་སུ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེངས་མཚན་རྟགས་ཀྱང་གནང་ཡོད།

མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་བདེན་པའི་མེ་ལྕེ་འདེགས་བཞིན་པ།མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་བདེན་པའི་མེ་ལྕེ་འདེགས་བཞིན་པ།

ཕྱི་ཚེས་ ༡༧ ཉིན་གུང་ཆུ་ཚོད་ ༡༢ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་ར་ཇ་སེ་ཐན་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ ༥༠ ཙམ་དང་། སློབ་དཔོན་བཅུ་ཙམ་ལ་བཙན་བྱོལ་ནང་བོད་མིའི་ཚོས་མང་གཙོའི་ལམ་ལུགས་ཇི་ལྟར་བེད་སྤྱོད་བྱས་དང་བྱེད་བཞིན་ཡོད་པ་དང་། བོད་ནང་རྒྱ་ནག་གི་བཙན་གནོན་འོག་བོད་མི་ཚོར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་སོགས་རྩ་བ་ནས་མེད་པའི་གནས་སྟངས་སོགས་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནད་དོན་སྐོར་གཏམ་བཤད་དང་། དེ་རྗེས་དགེ་སློབ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་བ་མ་ཟད། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་དང་བོད་དོན་ཞུ་སྙན་སྟེངས་སློབ་དཔོན་དང་སློབ་མ་ཚོའི་སར་ནས་མཚན་རྟགས་ཀྱང་བསྡུ་རུབ་ཞུས་ཡོད་པ་རེད། གཏམ་བཤད་ལས་རིམ་གྱི་གཙོ་སྐྱོང་གཙུག་ལག་སློབ་གཉེར་ཁང་གི་མི་མང་འཛིན་སྐྱོང་ཚན་པའི་འགན་འཛིན་མཁས་དབང་ལྕམ་སྐུ་ སྤི་རི་ཏི་ ཇོ་ཤི་ (Prof. Preeti Joshi) ལགས་དང་། སློབ་དཔོན་སྐུ་ཞབས་ ཨོམ་ མ་ཧེ་ལ་ (Dr. Om Mhela) ལགས་གཉིས་ནས་གནང་བ་དང་། སློབ་ཕྲུག་སྒྲིག་འཛུགས་ཀྱི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ། གཏམ་བཤད་ལས་རིམ་ལེགས་པར་གྲུབ་པ་དང་།  སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཞན་ཁག་གཅིག་མཇལ་འཕྲད་ཞུས་ཏེ། བོད་དོན་ངོ་སྤྲོད་དང་བོད་དོན་ཞུ་སྙན་སྟེངས་མཚན་རྟགས་ཞུས་པར་ཁོང་རྣམས་ནས་མཚན་རྟགས་གནང་སྟེ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད།

ར་ཇ་སེ་ཐན་གཙུག་ལག་སློབ་གཉེར་ཁང་དུ་གཏམ་བཤད་གནང་བཞིན་པ།ར་ཇ་སེ་ཐན་གཙུག་ལག་སློབ་གཉེར་ཁང་དུ་གཏམ་བཤད་གནང་བཞིན་པ།

ཕྱི་ཚེས་ ༡༧ དགོང་དྲོ་ཆུ་ཚོད་ ༦།༣༠ ནས་ ༧།༣༠ བར་ཇེ་སྤུར་གྲོང་ཁྱེར་གྱི་མི་ཚོགས་ཆེ་བའི་ས་གནས་ཨུ་རྡུ་ཡོ་གོ་ཐང་ཆེན་དུ་ (Udyog Maidan) བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མར་མེའི་ཁྲོམ་སྐོར་གོ་སྒྲིག་ཞུས། ལས་འགུལ་གྱི་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རྒྱལ་གཅེས་སྙིང་སྟོབས་ལ་ངག་བཅད་གུས་བཏུད་སྐར་མ་གཅིག་ཞུས་ཡོད་པ་རེད། དེ་ནས་ཇེ་སྤུར་བོད་མིའི་ཚོང་པའི་སྐྱིད་སྡུག་གི་ཚོགས་གཙོ་པདྨ་ལྷ་སྐྱབས་ལགས་ནས་ལས་འགུལ་སྐོར་གཏམ་བཤད་གནང་བ་དང་། དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་དབྱིན་བོད་གཉིས་ཀྱི་ཐོག་བོད་དོན་སྤྱི་དང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་གཏམ་བཤད་གནང་། མར་མེའི་ཁྲོམ་སྐོར་སྐབས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་དང་། མ་ཎི་ཡིག་དྲུག་གྲངས་གསོག་ཞུས། དེ་རྗེས་བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་པ་འུར་འདོན་དང་འབྲེལ། “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” “བོད་རྒྱལ་གྱུར་ཅིག” ཅེས་བོད་དོན་འབོད་ཚིག་བསྒྲགས་ཏེ། ལས་འགུལ་མཇུག་སྒྲིལ་ཞུས་པ་ཡོད་པ་དང་། ལས་འགུལ་སྐབས་ཧིན་སྐད་ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ཡིག་ཆ་རྒྱ་གང་ཆེ་འགྲེམས་སྤེལ་ཞུས་ཡོད་པ་རེད། ད་རེས་ཀྱི་ལས་འགུལ་ནང་བོད་མི་གྲངས་ ༢༠༠ ཙམ་ནས་མཉམ་བཞུགས་གནང་ཡོད་པ་དང་། གསར་འགྱུར་ལམ་ཁག་ནང་ལས་འགུལ་སྐོར་གནས་ཚུལ་རྒྱ་ཆེ་ཐོན་ཡོད།

ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ནས་ར་ཇ་སེ་ཐན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨ་ཤོག་གྷེ་ལཊོ་ (Ashok Gehlot) མཆོག་མཇལ་འཕྲད་ཞུ་རྒྱུའི་འབད་བརྩོན་ཞུས་ཀྱང་། བློན་ཆེན་མཆོག་མཛད་བྲལ་གྱི་རྐྱེན་པས་མཇལ་འཕྲད་ཞུ་ཐུབ་མེད་ནའང་། བློན་ཆེན་མཆོག་གི་མཚན་ཐོག་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་ཞུ་སྙན་དང་བོད་དོན་ཡིག་ཆ་ཁག་གཅིག་སྒེར་དྲུང་བརྒྱུད་ཕུལ་ཡོད།

མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།

ར་ཇ་སེ་ཐན་མངའ་སྡེའི་གྲོང་ཁྱེར་ཇོ་ཐོ་སྤུར་དང་། ཨུ་དྷེ་སྤུར། ཇེ་སྤུར་སོ་སོའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་མངའ་སྡེའི་ཆབ་སྲིད་མི་སྣ་དང་། ཤེས་ཡོན་མི་སྣ། དམག་སྤྱི་ཟུར་པ། ཁྲིམ་རྩོད་པ། གསར་འགོད་པ། སློབ་ཕྲུག་བཅས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་འདྲ་མིན་བརྒྱུད་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་བྱུང་ཡོད་པ་མ་ཟད། ལས་འགུལ་རིང་ས་གནས་སོ་སོའི་བོད་མིའི་སུད་ཚོང་སྐྱིད་སྡུག་སོ་སོས་རྒྱབ་སྐྱོར་དང་མཐུན་འགྱུར་ཤུགས་ཆེ་གནང་ཡོད་པ་རེད།

ཕྱི་ཚེས་ ༡༨ ཉིན་རྒྱ་གར་ར་ཇ་སེ་ཐན་མངའ་སྡེའི་རྒྱལ་ས་ཇེ་སྤུར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། བོད་མིའི་ཕེབས་སྐྱེལ་འོག་རྒྱ་གར་མ་དྷ་ཡ་སྤ་ར་རྡ་ཤེ་ (Madhaya Pradesh) མངའ་སྡེའི་རྒྱལ་ས་བྷོ་སྤལ་ (Bhopal) ཕྱོགས་སུ་ཐོན་པ་བཅས།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།

Menu