བདེན་པའི་མེ་ལྕེ་སྐོར་བསྐྱོད་སོ་ན་རྡ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༢ ཉིན་འབྱོར་བ།བདེན་པའི་མེ་ལྕེ་སྐོར་བསྐྱོད་སོ་ན་རྡ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༢ ཉིན་འབྱོར་བ།བདེན་པའི་མེ་ལྕེ་སྐོར་བསྐྱོད་སོ་ན་རྡ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༢ ཉིན་འབྱོར་བ།བདེན་པའི་མེ་ལྕེ་སྐོར་བསྐྱོད་སོ་ན་རྡ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༢ ཉིན་འབྱོར་བ།
སོ་ན་རྡ་བོད་མིའི་ས་གནས་འགོ་འཛིན་ལས་ཁང་ནས་བཏང་བའི་གནས་ཚུལ་ལྟར་ན། བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གྱི་བདེན་པའི་མེ་ལྕེ་སོ་ན་རྡ་བོད་མིའི་གཞིས་ཆགས་སུ་རྒྱ་གར་བྱང་ཤར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་གོ་སྒྲིག་པ་ཟུར་པ་ཟླ་བ་རྒྱལ་པོ་ལགས་དང་། ས་ལུ་སྒ་ར་བོད་མིའི་སྐུ་ཚབ་གཅིག་བཅས་ཀྱིས་ ༢༠༡༢ ཟླ་ ༨ ཚེས་ ༡༢ ཉིན་ས་ལུ་སྒ་ར་ནས་བསྣམས་ཕེབས་ཡོད་པ་དང་། སོ་ན་རྡ་ས་གནས་འགོ་ལས་རྣམས་ཀྱིས་ཁོང་ཚོར་མཇལ་དར་ཕུལ་ཏེ་ཕེབས་བསུ་ཞུས། དེ་རྗེས་མི་མང་གང་མང་འདུ་འཛོམས་གནང་བའི་ཐོག་སོ་ན་རྡ་ས་གནས་འགོ་འཛིན་བསྟན་འཛིན་ཚེ་དཔག་ལགས་ཀྱིས་མང་ཚོགས་ལ་བདེན་པའི་མེ་ལྕེའི་ལས་འགུལ་སྐོར་ངོ་སྤྲོད་གསུང་བཤད་གནང་། བདེན་པའི་མེ་ལྕེའི་ལས་འགུལ་དེ་བཞིན། ༡༽ འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༥༩, ༡༩༦༡ དང་། ༡༩༦༣ ལོར་བོད་དོན་གྲོས་ཆོད་བཞག་པ་རྣམས་ལ་བསྐྱར་ཞིབ་གནང་རྒྱུ། ༢༽ བོད་ནང་གང་མྱུར་རྒྱལ་སྤྱིའི་བདེན་འཚོལ་འཐུས་མི་གཏོང་གནང་རྒྱུ། ༣༽ འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་དོ་སྣང་ཤུགས་ཆེ་ཙམ་གནང་དགོས་པ་དང་། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གནས་སྟངས་ལ་ཐེ་བྱུས་གནང་རྒྱུ་བཅས་ལ་དམིགས་པ་ཡིན་པའི་ངོ་སྤྲོད་གསལ་བཤད་ཀྱང་གནང་། དེ་གྲུབ་མཚམས་གཞིས་ཆགས་དང་། ས་ཁུལ་མི་མང་རྣམས་ཀྱི་མིང་རྟགས་བསྡུ་རུབ་བྱས་ཤིང་། ད་བར་མི་མང་ ༢༢༠ ཙམ་གྱིས་མིང་རྟགས་གནང་ཡོད།
རྡོར་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་འབྱོར།རྡོར་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་འབྱོར།རྡོར་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་འབྱོར།རྡོར་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་འབྱོར།
དེའི་ཕྱི་ཉིན་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་སྔ་དྲོ་ཆུ་ཚོད་ ༨ ཐོག་ས་འགོ་བསྟན་འཛིན་ཚེ་དཔག་ལགས་དང་། རྡོ་རྗེ་གླིང་བཙན་བྱོལ་བོད་མིའི་མཉམ་སྦྲེལ་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བློ་བཟང་ལགས། ས་གནས་ལས་དྲུང་ཚེ་བརྟན་བཅས་མཉམ་དུ་ཕེབས་ཏེ་བདེན་པའི་མེ་ལྕེ་རྡོ་རྗེ་གླིང་དུ་ཕེབས་སྐྱེལ་ཞུས་ཏེ་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་རྡོར་གླིང་དུ་འབྱོར། རྡོར་གླིང་བོད་མིའི་ཚོགས་པའི་ཚོགས་གཙོ་ཚེ་དབང་བཀྲིས་ལགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དག་དགུའི་འགན་འཛིན་རྣམས་ཀྱིས་གྷན་རྡིའི་སྲང་ལམ་དུ་ཡོད་པའི་བོད་མིའི་སྤྱི་ཁང་དུ་མཇལ་དར་བཅས་གདན་འདྲེན་གཟབ་རྒྱས་ཞུས། ཚེ་དབང་བཀྲ་ཤིས་དང་བསྟན་འཛིན་ཚེ་དཔག་ལགས་རྣམ་གཉིས་ཀྱིས་གསར་འགྱུར་འགོད་མི་རྣམས་དང་། གཟུགས་མཐོང་བརྙན་འཕྲིན་ལ་ལས་འགུལ་སྐོར་འགྲེལ་བརྗོད་ཞུས་ཤིང་། སྐུ་པར་སྒྲོན་པ་སོགས་ལས་འགུལ་གཟབ་རྒྱས་ཞུས།
། རྡོར་གླིང་བོད་མིའི་ཚོགས་པའི་ཚོགས་གཙོ་ཚེ་དབང་བཀྲིས་ལགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དག་དགུའི་འགན་འཛིན་རྣམས་ཀྱིས་གྷན་རྡིའི་སྲང་ལམ་དུ་ཡོད་པའི་བོད་མིའི་སྤྱི་ཁང་དུ་མཇལ་དར་བཅས་གདན་འདྲེན་གཟབ་རྒྱས་ཞུས། ། རྡོར་གླིང་བོད་མིའི་ཚོགས་པའི་ཚོགས་གཙོ་ཚེ་དབང་བཀྲིས་ལགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དག་དགུའི་འགན་འཛིན་རྣམས་ཀྱིས་གྷན་རྡིའི་སྲང་ལམ་དུ་ཡོད་པའི་བོད་མིའི་སྤྱི་ཁང་དུ་མཇལ་དར་བཅས་གདན་འདྲེན་གཟབ་རྒྱས་ཞུས།