བདམས་ཐོན་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་གནས་གཟིགས་སུ་ཕེབས་པ།

IMG_0728

རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་མདུན་ཐང་།

༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམ་པ་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་སྔ་དྲོ་མཛད་འཁུར་གྱི་དམ་བཅའ་འབུལ་བཞེས་ལེགས་པར་གྲུབ་སྟེ་དེ་ཉིན་ཕྱེད་ཡོལ་ཚོུད་ ༢།༠༠ པའི་ཐོག་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གི་འགན་འཁུར་སྟངས་འཛིན་འོག་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཟིན་པའི་གནས་ཚུལ་ཞིབ་ཕྲ་ཟུར་གསལ་ལྟར་དང་། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ སྔ་དྲོ་བདམས་ཐོན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་མཛད་འཁུར་དམ་འབུལ་མ་ཞུས་གོང་སྔ་དྲོ་ཚོུད་ ༦།༣༠ ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། གནས་ཆུང་གྲྭ་ཚང། དགའ་གདོང་གྲྭ་ཚང་བཅས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་དང་། ཚོགས་གཙོ་སྦྲལ་པོའི་སྒེར་དྲུང་གཉིས་བཅས་ཀྱིས་སྣེ་ཤན་ཞུས་ཏེ་གནས་གཟིགས་སུ་ཕེབས་ཡོད་པ་རེད།

IMG_0732

རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་གཟིགས་སུ་ཕེབས་བཞིན་པ།

IMG_0738

རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་གཟིགས་སུ་ཕེབས་བཞིན་པ།

IMG_0753

གནས་ཆུང་གྲྭ་ཚང་དུ་གནས་གཟིགས་སུ་ཕེབས་བཞིན་པ།

Menu