བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་འཆར་འབུལ་གྱི་ནོར་བཅོས་གསལ་བསྒྲགས།

བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་འཆར་འབུལ་བྱུང་བའི་ནང་། འདི་སྔོན་སྤྱི་ལྷན་དྲ་རྒྱའི་སྟེང་འགོད་འཇོག་ཞུས་པའི་སྔོན་གླེང་དང་དོན་ཚན་དང་པོ་གཉིས་འགོད་ནོར་གྱུར་འདུག་པས། གཤམ་གྱི་ཞབས་ཐིག་འཐེན་པའི་ཁ་ཡིག་སྟེང་བསྣུན་ཏེ་ནོར་བཅོས་གནང་ཟིན་པའི་འཆར་ཟིན་ pdf ཕབ་ལེན་གནང་རོགས་ཞུ་རྒྱུ་དང་། དེ་སྔའི་འཆར་ཟིན་རྩིས་མེད་གནང་སྟེ། འཆར་ཟིན་གསར་པ་འདི་ཉིད་ཆ་འཛིན་གནང་དགོས་པའི་ནོར་བཅོས་གསལ་བསྒྲགས་སུ།

ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ ཉིན།

 

 

བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་འཆར་ཟིན་བསྡུས་པ་བཞུགས།

Menu