བཀའ་ཤག་གི་གསལ་བཤད་ལ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར།

གཞུང་འབྲེལ་གྲོས་ཆོད་གྲོས་འཆར།

༄༅། །སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསལ་བཤད་གནང་བ་བློ་ངེས་བྱུང་ཞིང༌། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལོ་རྒྱུས་ནང་མི་མང་གིས་ཚད་མཐོའི་མང་མོས་ཐོག་ཐད་ཀར་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གིས་དབུ་འཁྲིད་པའི་བཀའ་ཤག་སྐབས་བཅུ་གཉིས་པ་དང༌། སྐབས་བཅུ་གསུམ་པ་གཉིས་ཀྱི་དུས་ཡུན་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བཟུང་ཐོག གཞིས་བྱེས་བོད་མིའི་གནས་སྟངས་ཛ་དྲག་གཉན་འཕྲང་གི་གནས་བབ་དང་བསྟུན་པའི་འཕྲལ་ཕུགས་གཉིས་དགེའི་སྲིད་བྱུས་འཛིན་ཕྱོགས་དང༌། ལས་འཆར་སྣ་མང་ཕྱག་བསྟར། གྲོས་ཚོགས་ལ་འགན་ཁུར་དང་རྩིས་རྒྱག་གནང་ཕྱོགས་མང་གཙོའི་ལམ་སྲོལ་ལྟར་ཚུལ་མཐུན་གནང་བ་སོགས་མཛད་རྗེས་ལེགས་ཐོན་བྱུང་བར་བསྔགས་བརྗོད་ཞུ་བ་དང་སྦྲགས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ།    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༥ ལ།། །།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་གྲོས་བསྡུར་ཞིབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༥ ལ་གཏན་འབེབས་གནང༌།།

Menu