ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༡ ཉིན་ར་སྤུར་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།

དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཐུགས་སྨོན་དང་འབྲེལ་བྱིན་གྱིས་བརླབས་པར་མཛད།དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཐུགས་སྨོན་དང་འབྲེལ་བྱིན་གྱིས་བརླབས་པར་མཛད།༢༠༡༢ ཟླ་ ༩ ཚེས་ ༢༡ ཉིན་ར་སྤུར་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།༢༠༡༢ ཟླ་ ༩ ཚེས་ ༢༡ ཉིན་ར་སྤུར་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།

དེ་ཡང་ར་སྤུར་བེུད་མཉམ་ལས་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་དུ། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༡ ཞོགས་པ་ཆུ་ཚོད་ ༩ པའི་ཐོག་ར་སྤུར་བེུད་མཉམ་ལས་རྒྱལ་སྒོའི་འགྲམ་དུ་སློབ་ཕྲུག་ཚོས་རྔ་རོལ་དང་སྣེ་བསུ་ཟབ་རྒྱས་བཅས་ལྕམ་སྐུ་ནི་ལམ་སེ་གྷལ་མཆོག་དང་། (Member of Himalaya Pariwar) བེུད་མཉམ་ལས་ཚོགས་གཙོ་སྐུ་ཞབས་དབང་ཕྱུག་རྒྱལ་པོ་ལགས། བེུད་མཉམ་ལས་འགན་འཛིན་སྐུ་ཞབས་དངོས་གྲུབ་འོད་ཟེར་སོགས་ལ་བདེ་སྐྱིད་གླིང་གཞིས་ལས་ཁང་གི་ས་གནས་འགོ་འཛིན་དང་མི་འཐུས་བཅས་ཀྱིས་བརྒྱུད་སྤྲོད་གནང་ཞིང་། ར་སྤུར་བེུད་མཉམ་ལས་སུ་ཧིན་བོད་གཉིས་ཀྱི་རྒྱལ་གླུ་བཏང་བའི་ཐོག་མཛད་སྒོ་དབུ་འཛུགས་ཞུས། དེའི་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་བཏུད་སྐར་མ་གཅིག་གནང།

ལྕམ་སྐུ་ནི་ལམ་སེ་གྷལ་མཆོག་ནས་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ལ་མཉམ་ཞུགས་གནང་བ།ལྕམ་སྐུ་ནི་ལམ་སེ་གྷལ་མཆོག་ནས་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ལ་མཉམ་ཞུགས་གནང་བ།༢༠༡༢ ཟླ་ ༩ ཚེས་ ༢༡ ཉིན་ར་སྤུར་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།༢༠༡༢ ཟླ་ ༩ ཚེས་ ༢༡ ཉིན་ར་སྤུར་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།

ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ལགས་ནས་བདེན་པའི་མེ་ལྕེ་ལས་འགུལ་གྱི་ངོ་སྤྲོད་གཏམ་བཤད་གནང་བ་དང་འབྲེལ་སྤྱི་ལྷན་གྱི་བོད་ཡིག་ནང་ཡོད་པའི་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་གནང་། སྐུ་མགྲོན་གཙོ་བོ་ནི་ལམ་སེ་གྷལ་མཆོག་ནས་བོད་དོན་ཐོག་ག་དུས་ཡིན་ནའང་རྒྱབ་སྐྱོར་ཡོད་པ་དང། ནམ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་རྒྱ་དམར་གཞུང་གི་བཙན་འོག་ལས་བོད་ལ་རང་དབང་འཐོབ་རྒྱུ་ཡིན་གནས་ལ་སོགས་པའི་གཏམ་བཤད་གནང་། དེའི་རྗེས་ར་སྤུར་བེུད་མཉམ་ལས་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་ནས་སྐུ་མགྲོན་གཙོ་བོ་དང་གཞན་ཡང་སྐུ་མགྲོན་རྣམ་པར་ཐུགས་རྗེས་ཆེ་ཞུ་དང་འབྲེལ་སྤྱི་ལྷན་གྱི་ཨིན་ཡིག་ནང་ཡོད་པའི་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་ཞུས། དེ་ནས་སྐུ་མགྲོན་གཙོ་བོ་དང་སྐུ་མགྲོན་རྣམ་པ་ནས་ལས་འགུལ་ལ་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་ཞུས། ཆུ་ཚོད་ ༡༠་༠༠ ཐོག་སློབ་གྲྭའི་རོལ་དབྱངས་དང་བཅས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་མི་དང་ས་གནས་མི་མང་བཅས་ནས་བདེན་པའི་མེ་ལྕེ་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་སྐོར་བསྐྱོད་གནང་བར་དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཐུགས་སྨོན་དང་འབྲེལ་བྱིན་གྱིས་བརླབས་པར་མཛད། དེའི་རྗེས་དཔལ་ས་སྐྱའི་མ་དགོན་ས་སྐྱ་ཆོས་སྒར་དུ་སྐོར་བསྐྱོད་གནང་བར་ཆོས་སྒར་གྱི་འགན་འཛིན་གཞོན་པ་སྐུ་ཞབས་བསོད་ནམས་ཆོས་རྒྱལ་གྱིས་སྣེ་བསུ་དང་འབྲེལ་དགེ་འདུན་པ་རྣམས་དང་དགེ་ལས་བཅས་ལས་ས་རྟགས་བསྡུ་རུབ་ཞུས། ཆུ་ཚོད་ ༡༡་༡༠ ཐོག་ར་སྤུར་ཁྲོམ་གཞུང་དུ་སྐོར་བསྐྱོད་གནང་བར་ས་གནས་ཡུལ་མིས་གདུང་སེམས་མཉམ་སྐྱེད་དང་འབྲེལ་རྒྱབ་སྐྱོར་ས་རྟགས་བསྡུ་རུབ་ཞུས། ཆུ་ཚོད་ ༣་༠༠ པའི་ཐོག་ས་སྐྱ་མཐོ་སློབ་ཏུ་སྐོར་བསྐྱོད་གནང་བར་དེར་ཞབས་དྲུང་རིན་པོ་ཆེ་མཆོག་ནས་སྣེ་བསུ་ཞུས་པ་དང་ར་སྤུར་བེུད་མཉམ་ལས་འགན་འཛིན་ནས་བདེན་པའི་མེ་ལྕེ་ངོ་སྤྲོད་ཀྱི་གཏམ་བཤད་གནང་རྗེས་ས་རྟགས་བསྡུ་རུབ་ཞུས། ཆུ་ཚོད་བཞི་པའི་ཐོག་ར་སྤུར་བོད་ཁྱིམ་དུ་སྐོར་བསྐྱོད་གནང་བར་དེ་གའི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་མཆོག་ལངས་དང་སློོབ་ཕྲུག་རྣམས་ནས་སྣེ་བསུ་གཟབ་རྒྱས་ཞུས། ར་སྤུར་བེུད་མཉམ་ལས་འགན་འཛིན་ནས་བདེན་པའི་མེ་ལྕེ་ལས་འགུལ་ངོ་སྤྲོད་དང་འབྲེལ་མང་ཚོགས་ནས་ས་རྟགས་བསྡུ་རུབ་ཞུས་པ་བཅས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༢ ལ།།

བདེན་པའི་མེ་ལྕེ་ར་སྤུར་བོད་ཁྱིམ་དུ་སྐོར་བསྐྱོད་གནང་བ།བདེན་པའི་མེ་ལྕེ་ར་སྤུར་བོད་ཁྱིམ་དུ་སྐོར་བསྐྱོད་གནང་བ།ཞབས་དྲུང་རིན་པོ་ཆེ་མཆོག་ནས་བདེན་པའི་མེ་ལྕེར་བྱིན་རླབས་གནང།ཞབས་དྲུང་རིན་པོ་ཆེ་མཆོག་ནས་བདེན་པའི་མེ་ལྕེར་བྱིན་རླབས་གནང།
བདེན་པའི་མེ་ལྕེ་ས་སྐྱ་མཐོ་སློབ་ཏུ་སྐོར་བསྐྱོད་གནང་བར་སྣེ་བསུ་ཞུས་བཞིན་པ།བདེན་པའི་མེ་ལྕེ་ས་སྐྱ་མཐོ་སློབ་ཏུ་སྐོར་བསྐྱོད་གནང་བར་སྣེ་བསུ་ཞུས་བཞིན་པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།