ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ ཉིན་བཀའ་སྤྱི་ལྷན་ཚོགས་གནང་བ།

 

ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སུ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་ཉིན་བཞིའི་རིང་སྐོང་འཚོགས་གནང་བའི་རྒྱབ་གཉེར་སྙན་ཐོའི་དགོངས་དོན་རྣམས་ཕྱག་བསྟར་མཇུག་སྐྱོང་གནང་སླད།  ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༢ , ༢༢, ༢༣ བཅས་སོ་སོར་བཀའ་སྤྱི་ལྷན་ཚོགས་གནང་སྟེ་བཀའ་བསྡུར་ཞིབ་ལྷུག་དང་འབྲེལ་ཐག་གཅོད་དགོས་རིགས་གནང་ཡོད་པ་དང།   ལས་གཞིའི་སྐོར་རིམ་བཞིན་གསལ་བསྒྲགས་ཡོང་རྒྱུ།

བཀའ་སྤྱི་ལྷན་ཚོགས་གནང་བཞིན་པ།

Menu