༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཚོགས་ཆུང་བཅུ་སོ་སོའི་ནང་། ཚོགས་ཆེན་གྱི་གྲོས་གཞི་གཉིས་པ། “༧རྒྱལ་དབང་༧སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་སྐོར།” བགྲོ་གླེང་གནང་ཡོད་པ་དང་། དེ་བཞིན་གྲོས་གཞི་གཉིས་སོ་སོའི་དགོངས་འཆར་ཕྱོགས་བསྡོམས་གྲུབ་པ་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༣།༥༠ ཐོག་ཚོགས་བཅར་བ་རྣམ་པ་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཚང་འཛོམས་ཐོག་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་འགོ་འཛུགས་ཏེ། ཚོགས་ཆུང་དང་པོ་ནས་དྲུག་པ་བར་གྱི་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་ཟིན་པ་དང་། ཚོགས་ཆུང་ལྷག་མ་རྣམས་སང་ཉིན་སྔ་དྲོ་མུ་མཐུད་སྙན་སྒྲོན་གནང་རྒྱུ་ཡིན་པ་བཅས། །
ཚོགས་ཆུང་དང་པོའི་ཚོགས་གཙོ་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་གིས་ཚོགས་ཆུང་དང་པོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།
ཚོགས་ཆུང་གཉིས་པའི་ཚོགས་དྲུང་སྤྱི་འཐུས་ངག་དབང་ཐར་པ་མཆོག་གིས་ཚོགས་ཆུང་གཉིས་པའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།
ཚོགས་ཆུང་གསུམ་པའི་ཚོགས་དྲུང་འབུམ་རམས་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་ཚོགས་ཆུང་གསུམ་པའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།
ཚོགས་ཆུང་བཞི་པའི་ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་ཚོགས་ཆུང་བཞི་པའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།
ཚོགས་ཆུང་ལྔ་པའི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ཚོགས་ཆུང་ལྔ་པའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།
ཚོགས་ཆུང་དྲུག་པའི་ཚོགས་དྲུང་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་གིས་ཚོགས་ཆུང་དྲུག་པའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།
ཚོགས་ཆུང་དྲུག་པའི་ཚོགས་དྲུང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་ཚོགས་ཆུང་དྲུག་པའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།