དབང་པོ་བཀྲས་མཐོང་མཆོག་ཡུ་རོབ་སྤྱི་འཐུས་སུ་ལས་འཁུར་དམ་འབུལ།

༄༅། ཡུ་རོབ་ཁུལ་བཀུར་འོས་སྤྱི་འཐུས་ཆུང་བདག་ཀོ་རིན་མཆོག་སྐུ་གཟུགས་བདེ་མིན་དབང་གིས་བོད་མི་མང་སྤྱི་འཐུས་ནས་རྩ་དགོངས་ཞུ་གནང་ལྟར། དབུས་འོས་བསྡུ་ལས་ཁང་ནས་ ༢༠༡༤ ཟླ་ ༣ ཚེས་ ༡༩ འཁོད་ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་དབང་པོ་བཀྲས་མཐོང་མཆོག་ལ་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར་ཁོང་སྐབས་ ༡༥ པའི་སྤྱི་འཐུས་སུ་ངེས་པས་ལས་འཁུར་དམ་འབུལ་ཞུ་བར་རྡ་སར་ངོ་བཅར་དགོས་པའི་དུས་ཚེས་ཐད་སྤྱི་ལྷན་ཚོགས་དྲུང་ལས་ཁུང་ནས་འབྲེལ་ལམ་ཡོང་རྒྱུ་ཞེས་ཕྱག་བྲིས་གནང་ཡོད་པ་བཞིན་དབང་པོ་བཀྲས་མཐོང་མཆོག ༢༠༡༤ ཕྱི་ཟླ་ ༥ ཚེས་ ༦ སྔ་དྲོ་ཚོུད་ ༡༠:༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་སར་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད།།

tethong3
ལས་འཁུར་དམ་བཅའ་འབུལ་བཞིན་པ།

 

tethong4
ལས་འཁུར་དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱི་བཅར་འདྲིས་དང་ལེན་གནང་བཞིན་པ