དཔེ་དེབ་དབུ་འབྱེད་མཛད་སྒོར་སྤྱི་ལྷན་གྱི་སྐུ་ཚབ་གདན་ཞུ་

 

ཟླ་འདིའི་ཕྱི་ཚེས་  ༡༨  ཉིན་རྒྱ་གར་རྒྱལ་ས་དྷི་ལི་ (India Habitat Centre New Delhi) རུ།   སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸ རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་མཛད་པའི་   (the Heart is Noble) ཞེས་པའི་དབྱིན་ཡིག་གི་ཕྱག་དེབ་ཅིག་དབུ་འབྱེད་གནང་ཡོད་པ་རེད།   དབུ་འབྱེད་མཛད་སྒོ་ཐོག་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་།   དེ་བཞིན་སྐུ་མགྲོན་གཙོ་བོར་ལྕམ་སྐུ་ Aruna Roy མཆོག་ཕེབས་ཡོད་ཅིང་།   བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཀྱང་གདན་ཞུས་ལྟར་གཞུང་འབྲེལ་ཕེབས་ཡོད་ལ། གཞན་ཡང་བཀའ་བརྒྱུད་ཀྱི་སྤྱི་འཐུས་གཉིས་དང་།   མཁས་དབང་།  གནད་ཡོད་མི་སྣ།  ཕྱི་ནང་མི་སྣ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བས་མཉམ་ཞུགསགནང་ཡོད་འདུག

Menu