དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་འདོན་མཛད་སྒོའི་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གཞུང་འབྲེལ་ཆེད་བཅར་གནང་གཏན་ཁེལ་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ དང་ ༡༧ ཉིན་རྒྱ་གར་ཧི་མཱ་ཅལ་མངའ་ཁོངས་སྤུར་ཝ་ལ་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུ་༧སྐྱབས་མགོན་༧གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ལུགས་གཉིས་གསེར་གྱི་ཁྲི་འཕང་མངོན་པར་མཐོ་བར་མངའ་གསོལ་དང་འབྲེལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གཞུང་འབྲེལ་ཆེད་བཅར་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་ཕྱི་ཚེས་ ༡༥ ཉིན་གྱི་དགོང་མོ་བཞུགས་སྒར་རྡ་ས་ནས་སྤུར་ཝ་ལར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༦ དང་ ༡༧ ཉིན་དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་འདོན་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༧ ཉིན་གྱི་དགོང་མོ་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Menu