དཔལ་ལྡན་སྤྱི་ལྷན་ཚོགས་གཞོན་མཆོག་ལ་གསར་འགོད་པས་བོད་དོན་བཅར་འདྲི།

 

img_3959

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༢ ཉིན་གུང་ཆུ་ཚོད་ ༣།༠༠ ཐོག་རྡ་རམ་ས་ལའི་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ཡན་ལག་འགན་འཛིན་ Sumit Sharma མཆོག་དང་། རྡ་རམ་ས་ལའི་ National Press Union ནས་ཡིན་པའི་གསར་འགོད་པ་ Nisha Katoch རྣམ་གཉིས་འདི་ག་སྤྱི་ལྷན་དུ་ཕེབས་ནས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སར་ཆེད་བཅར་གྱིས། སྐུ་ཞབས་ Sumit Sharma མཆོག་ནས་ཚོགས་གཞོན་མཆོག་ལ་བོད་པའི་གནད་དོན་དང་ཁོང་གི་བོད་དོན་ལས་འགུལ་གང་འདྲ་སྤེལ་གནང་གི་ཡོད་མེད་དང་། རྒྱ་གར་ཡུལ་མིས་བོད་དོན་ཐོག་ལ་དོ་སྣང་གང་འདྲ་བྱེད་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་བཀའ་འདྲི་གནང་བར་ཚོགས་གཞོན་མཆོག་ནས་བཀའ་ལན་གསལ་པོ་གནང་རྗེས། གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་དུ་འཁྲིད་གནང་ཡོད། གསར་འགོད་པ་ Nisha Katoch མཆོག་ནི་རྒྱུན་དུ་བོད་དོན་ཐོག་ཐུགས་སྣང་ཧ་ཅང་ཆེན་པོ་གནང་མཁན་ཡིན་ལ། ཁོང་ཚོའི་གསར་ཁང་གི་ཟླ་རེའི་དུས་དེབ་ ( Sunami Times) ཞེས་པའི་ནང་༸གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་དང་སྟབས་བསྟུན་ནས་ཚོགས་གཞོན་མཆོག་ལ་བཅར་འདྲི་གནང་བ་ཞིག་ཀྱང་ཁོང་ཚོའི་དུས་དེབ་ནང་འདོན་སྤེལ་གནང་ཡོད་པ་དང་། སྐབས་རེ་བོད་དོན་དང་འབྲེལ་བའི་གནས་ཚུལ་གཞན་པའང་བཀོད་གནང་གི་ཡོད་ཅེས་གསུངས་གནང་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།།

Menu