དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། ། འཇར་མན་རོགས་ཚོགས་ (FNF) ཡི་རྒྱལ་སྤྱིའི་འགོ་ཁྲིད་ཀྱི་ཤེས་ཡོན་བསྟི་གནས་ (International Academy for Leadership (IAF)) ཞེས་པའི་ཚན་པའི་གོ་སྒྲིག་འོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༣ ནས་ ༡༣ བར་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༣ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལི་བརྒྱུད་འཇར་མན་རྒྱལ་ཁབ་ནང་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ནས་ ༡༡ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །