དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་གཉིས་ནས་བྷི་ཇེ་པི་དབུས་སྲིད་དོན་ཚོགས་པའི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་བ།

རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་མཆོག་གི་ནང་མི་ལྷན་རྒྱས།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༩ ཉིན་བྷི་ལ་ས་པུར་ (Bilaspur) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་ (Shri Jagat Prakash Nadda) མཆོག་གི་གཟིམ་ཤག་ཏུ་ཁོང་གི་བུའི་གཉེན་སྒྲིག་དུས་སྟོན་དང་བསྟུན། ལས་རིམ་ཞིག་གི་ཐོག་སྔོན་ནས་གདན་ཞུས་ལྟར། དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་བཅས་ཆེད་ཕེབས་ཀྱིས་སྐུ་ཞབས་ཁོང་གི་ནང་མི་ལྷན་རྒྱས་ལ་འཚམས་འདྲི་དང་། ལས་རིམ་ཐོག་ཕེབས་པའི་གནད་ཡོད་སྐུ་མགྲོན་མང་དག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག

ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སྦན་ཌ་རུ་ དཏྟ་ཏྲེ་ཡ་མཆོག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་མཆོག་གི་གཟིམ་ཤག་ཏུ་ཕེབས་འབྱོར་སྐབས། ལྕམ་སྐུ་ན་ཌཱ་མཆོག་གིས་སྣེ་ལེན་ཞུས་རྗེས། རིམ་པས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སྦན་ཌ་རུ་ དཏྟ་ཏྲེ་ཡ་ (Shri.Bandaru Dattatreya,Governor of Himachal Pradesh) མཆོག་དང་།  ཧི་མཱ་ཅལ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇིབ་བྷིན་ཌལ་ (Dr.Rajeev Bindal,President of Himachal BJP) མཆོག རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་མཆོག་བཅས་མཇལ་འཕྲད་གནང་ཡོད་འདུག

ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཝི་པིན་ པར་མར་མཆོག

དེ་རྗེས་དུས་སྟོན་ལས་རིམ་དབུ་འཛུགས་སྐབས། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་མཆོག་གི་བུ་དང་། མནའ་མ་བཅས་ནང་མི་ལྷན་རྒྱས་ལ་འཚམས་འདྲིའི་མཇལ་དར་དང་། རྗེ་བཙུན་སྒྲོལ་མའི་སྐུ་བཅས་ཕྱག་རྟགས་སུ་ཕུལ་གནང་ཡོད་པ་དང་།   རིིམ་པས་སིམ་སྤྱི་དང་། མན་ཌི་ས་གནས་འགོ་འཛིན། མཚོ་པདྨའི་འབྲེལ་མཐུད་པ། མཚོ་པདྨའི་ས་གནས་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ནས་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་མཆོག་གི་ནང་མི་ལྷན་རྒྱས་ཡོངས་ལ་འཚམས་འདྲིའི་མཇལ་དར་དང་། ཕྱག་རྟགས་བཅས་ཕུལ་གནང་འདུག

ཧི་མཱ་ཅལ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇིབ་བྷིན་ཌལ་མཆོག

དེ་ནས་སྐུ་མགྲོན་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པས་དུས་སྟོན་ལས་རིམ་ཐོག་ཕེབས་པའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཝི་པིན་ པར་མར་ (Shri Vipin Parmar,the Speaker of Himachal Pradesh Vidhan Sabha) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་འཆར་འགོད་དང་གྲོང་སྡེ་ཡར་རྒྱས་བློན་ཆེན་ལྕམ་སྐུ་སར་ཝིན་ཅའོ་ཏ་རི་ (Smt. Sarveen Chaudhary, Town planning and Urban Development Minister) མཆོག ཧི་མཱ་ཅལ་མངའ་སྡེའི་བཟོ་གྲྭའི་བློན་ཆེན་སྐུ་ཞབས་བྷི་ཀ་རམ་ སིང་ (Shri.Bikram Singh,Industries Minister,HP) མཆོག ཧི་མཱ་ཅལ་མངའ་སྡེའི་སོ་ནམ་ཞིང་ལས་བློན་ཆེན་སྐུ་ཞབས་རམ་ལལ་མར་ཁན་ཌ་ (Dr Ram lal Markanda, Agriculture Minister) མཆོག སིམ་ལའི་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེ་ཤི་ ཀུ་མར་ཀ་ཤྱབ་ (Shri.Suresh Kumar Kashyap,MP) མཆོག ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་རྒན་གྲས་སྐུ་ཞབས་ཤན་ཏཱ་ཀུ་མར་ (Shri.Shanta kumar, Former Chief minister of Himachal Pradesh) མཆོག རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ ནི་རི་ཡ་ (Shri.Vishal Nehria, MLA Dharamshala) མཆོག ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ར་ཝི་ ཋ་གྷུར་ (Shri.Ravi Thakur,Former MLA) མཆོག ཧི་མཱ་ཅལ་མངའ་སྡེའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ཅ་མཱན་དྷལ་ གྷུབ་ཏ་ (Dr.Chamandal Gupta,Former Chairman board of Education, HP) མཆོག  ཧི་མཱ་ཅལ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་གསར་འགོད་མགྲིན་ཚབ་པ་སྐུ་ཞབས་ཧི་མན་ཤུ་ ཋ་ཀེ་རི་ (Shri.Himanshu Thakre) མཆོག ཀངྒ་ར་མཉམ་མཐུན་དངུལ་ཁང་གི་སྤྱི་ཁྱབ་སྐུ་ཞབས་ར་ཇིབ་ བྷ་ར་ཌ་ཝཇ་ (Dr Rajeev Bharadwaj,Chairman of kangra Corporative bank) མཆོག ཧི་མཱ་ཅལ་མངའ་སྡེའི་གློག་གི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་སུ་བྷ་ཤི་ ནི་གྷི་ (Subhash Negi, Former Chairman of HPSEB) མཆོག་སོགས་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག

ཧིི་མཱ་ཅལ་མངའ་སྡེའི་སོ་ནམ་ཞིང་ལས་བློན་ཆེན་སྐུ་ཞབས་རམ་ལལ་མར་ཁན་ཌ་མཆོག

མཇལ་འཕྲད་སྐབས་གནད་ཡོད་དཔོན་རིགས་རྣམ་པས་འབྱུང་འགྱུར་བཞུགས་སྒར་རྡ་སར་ཕེབས་ཀྱི་ཡིན་སྐོར་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་བཅས་གསུངས་གནང་འདུག་པ་མ་ཟད། ཉེ་ཆར་གསར་དུ་བདམས་ཐོན་བྱུང་བའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་ལ་དམིགས་བསལ་འཚམས་འདྲི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འདྲིའི་ཕྱག་ཡིག་བཅས་ཕུལ་གནང་འདུག

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་རྒན་གྲས་སྐུ་ཞབས་ཤན་ཏཱ་ཀུ་མར་མཆོག

གཞན་ཡང་ད་རེས་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་མཆོག་གིས་ནང་མི་ལྷན་རྒྱས་ནས་དུས་སྟོན་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་གཙོས་བོད་མིའི་སྐུ་ཚབ་སོགས་མགྲོན་འབོད་ལྟར་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་གནང་ཡོད་འདུག་པ་བཅས། །

སིམ་ལའི་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེ་ཤི་ ཀུ་མར་ཀ་ཤྱབ་མཆོག

 

 

 

 

 

Menu