དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ཁག་ཅིག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༩ ཉིན་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་བཅས་བྷི་ལ་ས་པུར་ (Bilaspur) གྲོང་ཁྱེར་ནང་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་ (Shri Jagat Prakash Nadda) མཆོག་གི་བུའི་གཉེན་སྒྲིག་དུས་སྟོན་དང་བསྟུན། ལས་རིམ་ཞིག་གི་ཐོག་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ནས་བྷི་ལ་ས་པུར་དུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་དུས་སྟོན་ལས་རིམ་ཐོག་མཉམ་ཞུགས་གནང་རྗེས། ཕྱི་དྲོ་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །