དཔལ་ལྡན་ཚོགས་གཞོན་མཆོག་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༦ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པ་སོགས་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ (Constitution Club) ཚོགས་ཁང་ནང་རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་སྐུ་གཤེགས་དམ་པ་ཇོར་ཇ་ཕར་ནན་ཌེས་ (George Fernandes) མཆོག་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་བོད་མི་མང་སྤྱི་འཐུས་ཚོགས་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་རྣམ་གཉིས་ཀྱི་མཛད་རྗེས་ལ་རྗེས་དྲན་ཆེད་ཚོགས་འདུ་ཞིག་གོ་སྒྲིག་གནང་བའི་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་རྡ་ས་བཞུགས་སྒར་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༦ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༨ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །

Menu