དཔལ་ལྡན་ཚོགས་གཞོན་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༣ ཉིན་ཀུམ་རའོ་སྒ་པ་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་དེ་གའི་གཞིས་སྒར་དུ་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། དེའི་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཧི་མཱ་ཅལ་མངའ་སྡེའི་ཀངྒ་ར་རྫོང་ནང་རྟེན་གཞི་བྱས་པའི་ (Shree Balaji Media Innovation)  ཞེས་པའི་གསར་འགྱུར་ཚན་པ་ཞིག་དབུ་བཙུགས་ནས་ལོ་ངོ་གསུམ་འཁོར་བའི་དུས་ཆེན་ཐོག་སྐུ་མགྲོན་དུ་མགྲོན་འབོད་ལྟར་ཆེད་ཕེབས་གནང་རྒྱུ་དང་། དེ་ཉིན་ཕྱི་དྲོ་རྡ་ས་ནས་ཀུམ་རའོ་ས་གནས་སུ་ཕེབས་ཐོན་གནང་རྒྱུ།  ཕྱི་ཚེས་ ༣ ཉིན་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་སྐུ་མགྲོན་དུ་ཆེད་ཕེབས་གནང་རྒྱུ། ཕྱི་ཚེས་  ༤ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས། །

Menu