༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ ཉིན་ཀུ་ལླུ་མ་ན་ལི་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱ་གར་གཞུང་མང་གཉིས་ལ་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་སྲུང་རྩི་ཞུ་རྒྱུ་ཡིན་པ་དང་། ལས་རིམ་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་རྡ་ས་ནས་ཀུ་ལླུ་མ་ན་ལི་ས་གནས་སུ་ཕེབས་ཐོན་གནང་རྒྱུ་དང་། དེ་ཉིན་ཕྱི་དྲོ་ཀུལླུ་མ་ན་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པའི་ཚོགས་མི་རྣམས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་གནང་ཕྱོགས་དང་འབྲེལ་ངོ་སྤྲོད་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༦ ཉིན་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཐོག་སྐུ་མགྲོན་དུ་ཆེད་ཕེབས་གནང་རྒྱུ། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །