༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༢ ནས་ ༢༤ བར་རྒྱ་གར་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས ༢༢ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཚེས་ ༢༣ ཉིན་འཇར་མན་རོགས་ཚོགས་ (FNF) ཀྱི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༢༤ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།