དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ ཟུར་པ་ Prem Kumar Dhumal མཆོག་ལ་མཇལ་འཕྲད་གནང་པ།

[envira-gallery id=”13455″]ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༠ ཉིན་ཆུ་ཚོད་ ༡།༠༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་རྡ་རམ་ས་ལའི་ཉེ་འཁྲིས་ཏ་པོ་ཝན་ཞེས་པའི་ས་གནས་སུ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Prem Kumar Dhumal མཆོག་ལ་དགུན་དུས་གྲོས་ཚོགས་དང་སྟབས་བསྟུན་འཚམས་འདྲི་དང་། ཁོང་ལ་མཇལ་དར་དང་ཕྱག་རྟགས་འབུལ་གནང་དང་འབྲེལ་ད་བར་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་པར། ཁོང་ནས་ཀྱང་མུ་མཐུད་དེ་བོད་ཀྱི་གནད་དོན་ཐོག་སྔ་ཕྱི་བར་གསུམ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་། ཁོང་གི་ལྷན་དུ མངའ་སྡེའི་ BJP གྲོས་ཚོགས་འཐུས་མི་ལས་ཐོག་བདུན་ཙམ་ངོ་སྤྲོད་གནང་པར་ཁོང་རྣམ་ལ་འཚམས་འདྲིའི་མཇལ་དར་དང་ཕྱག་རྟགས་ཕུལ། ཁོང་རྣམ་པའང་དགྱེས་ཚོར་ཆེན་པོ་བྱུང་སོང་བས་ཚོགས་གཞོན་མཆོག་ནས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་གནང་ཡོད་པའི་གནས་ཚུལ་དུ།།

Menu