དཔལ་ལྡན་ཚོགས་གཞོན་མཆོག་ WORLD RAKSHABADHAN DAY མཛད་སྒོར་མཉམ་བཞུགས་གནང་བ།

 

image_3

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༧ ཉིན་གུང་ཆུ་ཚོད་ ༣ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ Takatora Stadium ནང་འཛམ་གླིང་རཀ་ཤཱབྷན་དན་ཉིན་མོ་ World Rakshabandhan Day ཞེས་པའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་དང་འབྲེལ་བའི་དུས་སྟོན་མཛད་སྒོའི་ཆེ་བསྟོད་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་མཉམ་ཞུགས་གནང་ཡོད་པ་རེད། དུས་སྟོན་འདི་བཞིན་རྒྱལ་སྤྱིའི་རཀ་ཤཱ་བྷན་དན་སྲུང་བརྩི་ཚོགས་ཆུང་གིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཚོགས་ཆུང་དེའི་ནང་སྤྱི་ཚོགས་དང་རིག་གཞུང་འདྲ་མིན་གྱི་སྒྲིག་འཛུགས་ཁག་ ༢༥ ཡོད་འདུག ཐེངས་འདིའི་དུས་སྟོན་གྱི་བརྗོད་གཞི་ནི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཞེས་པ་ཡིན་འདུག དུས་སྟོན་སྲུང་བརྩིའི་མཛད་སྒོར་རྒྱ་གར་དབུས་གཞུང་གི་བློན་ཆེན་ལྔ་དང་། རྒྱ་གར་དང་རྒྱལ་ཁབ་གཞན་ཁག་གི་ཚོགས་པ་ ༡༠༠ ལྷག་ཙམ་གྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད་འདུག དུས་སྟོན་ཐོག་རྒྱ་གར་ནང་ཡོད་པའི་རྒྱལ་ཁབ་ཁག་མང་པོའི་གཞུང་ཚབ་པ་དང་ཆེས་མཐོའི་མི་སྣ་སོགས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་ངོ་ཚབ་གནང་སྟེ་མཛད་སྒོར་མཉམ་ཞུགས་གནང་ཡོད། དེ་ཡང་མཛད་སྒོའི་ཐོག་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གསུང་བཤད་གནང་དོན། ང་ཚོས་རང་ཉིད་ཀྱི་གཅེན་མོར་དགའ་ཞེན་བྱེད་པ་ཙམ་མ་ཡིན་པར་རང་རེའི་གནས་ཡུལ་ཁོར་ཡུག་དང་། རྒྱལ་ཁབ་རིག་གཞུང་བཅས་ལ་བདག་གཅེས་ཡག་པོ་གནང་དགོས་པའི་རེ་སྐུལ་ཞུས་ཏེ་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་འགྲེམས་སྤེལ་གནང་ཡོད་པ་རེད།

img_5444

 

Menu