དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་རཇ་སྤུར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༣ ཉིན་བྱེས་ཀྱི་དཔལ་ལྡན་ས་སྐྱའི་གདན་ས་རཇ་སྤུར་དཔལ་ས་སྐྱའི་ཆོས་སྒར་དུ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་༸སྐུའི་གྱ་སྟོན་བརྟན་བཞུགས་ཆེན་མོ་བསྟར་འབུལ་ཞུ་རྒྱུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གདན་ཞུས་ལྟར་གཞུང་འབྲེལ་མཉམ་ཞུགས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན་བཞུགས་སྒར་རྡ་ས་ནས་སྡེ་ར་སྡུན་རཇ་སྤུར་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༤ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།