དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དབུ་མའི་ལམ་གྱི་ཉིན་མོ་ཞེས་པའི་མཛད་སྒོའི་སྐུ་མགྲོན་དུ་ཕེབས་པ།

IMG_4866

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༨ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུ་མའི་ལམ་གྱི་ཉིན་མོ་ཞེས་པའི་མཛད་སྒོ་རྡ་ས་མག་གྷན་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ་གོ་སྒྲིག་དེ་ཉིན་ཆུ་ཚོད་ ༡༠།༡༥ ཐོག་ཚོགས་ཡོད། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག་དང་ཚོགས་པ་ཁག་གི་སྐུ་མགྲོན་སོགས་ལྷན་འཛོམས་གནང་འདུག མཛད་སྒོའི་ཐོག་མར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མར་མེ་ཞལ་འབྱེད་དང་མཇལ་དར་སྒྲོན་གནང་སྟེ། སྐུ་མགྲོན་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་གནང་ནས་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་འདུག དེ་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་ནས་དུས་དྲན་ངོ་སྤྲོད་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱང་གནང་འདུག དེ་རྗེས་དམིགས་བསལ་སྐུ་མགྲོན་ཚོགས་གཞོན་མཆོག་ནས་གསུང་བཤད་གནང་དོན་དུ། དབུ་མའི་ལམ་གྱི་ཉིན་མོ་ཞེས་དུན་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་དབུས་པའི་སྐུ་མགྲོན་རྣམ་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཏེ། བར་ལམ་ཞིག་ནས་བཞུགས་སྒར་ཁུལ་དུ་གནས་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་གི་མགྲོན་འབོད་ཞུས་ནས་མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐོག་བཀའ་སློབ་གནང་རོགས་ཞེས་རེ་སྐུལ་ཞུས་པ་རྣམས་ལ་གལ་ཆེ་དོན་ཆེར་ངོས་འཛིན་གནང་སྟེ་དུས་ཚོད་དམ་འཛིན་གྱི་བཅར་ནས་མ་འོངས་པའིི་ལས་དོན་བྱེད་ཕྱོགས། དེ་བཞིན་ཚོགས་པའི་ངོས་ནས་གྲོས་ཆོད་བཞག་པ་ཙམ་མ་ཡིན་པར་ཕྱག་སྟར་རྒྱུན་ཁྱོངས་ཡོང་བ་གནང་གལ་ཆེ་ལ། ད་རིང་སྐབས་སུ་བབ་པའི་བརྗོད་གཞིའི་ཐོག་ང་ལ་མི་མང་གི་ངོས་ནས་དབུ་མའི་ལམ་གྱི་ཐོག་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་པའི་བཀའ་སློབ་གནང་རོགས་ཞེས་རེ་སྐུལ་གནང་ཀྱང་། དམིགས་བསལ་གྱི་རྡོག་རྡོག་དེ་འདྲ་གང་ཡང་ཞུས་ཡ་མེད། ཡིན་ནའང་ལས་དོན་གང་ཞིག་བྱེད་ཀྱང་གཞི་རྩའི་བང་རིམ་དང་ཕྱ་གྲུ་མཉམ་འདེགས་ཀྱི་གནང་དགོས་གལ་ཆེ། ལྷག་པར་དུ་དུས་ཆེན་དང་དུས་དྲན་ཁག་དུ་བཀའ་སྤྱི་གཉིས་ནས་གཏམ་བཤད་གནང་བ་དེ་ཚོ་ལམ་སྟོན་ཞིག་ཆགས་ཀྱི་ཡོད་པས་དེ་དག་ལ་དོ་སྣང་གནང་ན་སྤྱི་སྒེར་གཉིས་ལ་ཕན་གྱི་ཡོད་པ་སོགས་ཀྱི་གསུང་བཤད་གནང་།

IMG_4862

དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་ནས་རང་རེའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་དགོས་པའི་གལ་ཆེའི་གནད་དོན་སྐོར་གསུང་བཤད་གནང་དོན་དུ། སྤྱིར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་གཞུང་དང་འབྲེལ་མོལ་ཕྱི་ལོ་ ༢༠༠༢ ནས་བཟུང་ ༢༠༡༠ བར་ཐེངས་ ༩ ཙམ་བྱུང་ཡོད་ཀྱང་རྒྱ་ནག་གི་གཞུང་འཛིན་དཔོན་རིགས་ཚོས་མཁྲེགས་བཟུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁག་དཀྲི་མང་པ་ཞིག་གནང་ཡོད་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་བྱུང་རིམ་དང་། དེ་བཞིན་འཚེ་མེད་ཞི་བའི་ཐབས་ལམ་དང་རྒྱ་བོད་གཉིས་ཀའི་དངོས་ཡོད་གནས་སྟངས་སོགས་ཀྱི་ཐད་ནས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་ཀྱི་གནས་བབ་ཡོང་ཐབས་དགོས་པ་སོགས་ཀྱི་སྐོར་དང་། སྲིད་བྱུས་འདི་ཉིད་ལ་ཨ་རི་སྲིད་འཛིན་དང་། ཡུ་རོབ་གྲོས་ཚོགས་དེ་བཞིན་རྒྱལ་ཁབ་མང་པོའི་དབུ་ཁྲིད་དང་གྲོས་ཚོགས་སོགས་ནང་གྲོས་ཆོད་འཇོག་ཡོད། ལྷག་པར་རྒྱ་མི་རིགས་མང་པོས་མོས་མཐུན་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་སོགས་གསུང་བཤད་གནང་ཡོད། དེ་ནས་ཚོགས་བཅར་བ་རྣམས་ལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་གནང་ནས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པའི་གནས་ཚུལ་དུ།།

IMG_4896

Menu