དཔལ་ལྡན་ཚོགས་གཙོ་མཆོག་སྡེ་ར་ལྡུན་ཕྱོགས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

 

༄༅། །དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་འཛུགས་ནས་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༧ ནས་ ༣༠ བཅས་ཉིན་བཞིའི་རིང་འཚོགས་རྒྱུ་ཡིན་པ་དང་། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ཚེས་ ༢༧ དང་ ༢༨ ཉིན་གྱི་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་དང་། དེ་བཞིན་ཕྱི་ཚེས་ ༣༠ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བའི་མཛད་སྒོར་ཕེབས་གནང་རྒྱུ་བཅས་གཏན་ཁེལ་ཡོད།
 

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་སང་ཞོགས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཕྲུག་ཁྱིམ་སྡེའི་ལས་སློབ་ངོ་ཟུར་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་བརྟན་བཞུགས་བསྟར་འབུལ་སྐབས་ཆེད་བཅར་ཞུ་རྒྱུ་དང་། བརྟན་བཞུགས་གྲུབ་རྗེས་བཞུགས་སྒར་རྡ་ས་ནས་སྡེ་ར་ལྡུན་ལ་ཕེབས་ཐོན་གནང་རྒྱུ་བཅས།