དཔལ་ལྡན་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་

༄༅། ། སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་འབྱེད་མཛད་སྒོ་བཀའ་དྲིན་བསྐྱངས་ནས་ཕྱི་ལོ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བའི་དུས་སྟོན་སྲུང་བརྩིིའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་རྡ་ས་ནས་ལྡི་ལི་བརྒྱུད་ཝཱ་ར་ཎ་སིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣༠ དང་ ༣༡ ཉིན་གཉིས་རིང་རྒྱལ་སྤྱིིའི་རང་བཞིན་ལྡན་པའི་ “རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཁག་དང་དེང་རབས་ཚན་རིག་པ་བཅས་ཀྱི་ནང་སེམས་དང་སེམས་ཀྱི་བྱེད་ལས་” ཐོག་བགྲོ་གླེང་ལས་རིམ་ནང་མཉམ་ཞུགས་དང་། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་མཛད་སྒོར་ཆེད་བཅར་གནང་རྒྱུ། ཕྱི་ཚེས་ ༢ ཉིན་ལྡི་ལི་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།

 

Menu