དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཨིན་ཡུལ་དང་སི་ཀོཊ་ལེན་ཌིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་འོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༧ ནས་ ༢༧ བར་ཨིན་ཡུལ་དང་། སི་ཀོཊ་ལེན་ཌིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་ཕྱི་ཚེས་ ༡༧ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཨིན་ཡུལ་རྒྱལ་ས་ལོན་ཌོན་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༣ བར་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༢༤ ནས་ ༢༧ བར་སི་ཀོཊ་ལེན་ཌིའི་རྒྱལ་ས་ཨེ་ཌིན་བྷརྒ་ནང་མུ་མཐུད་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༢༨ ཉིན་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན།

ས་གནས་ལས་རིམ་ཁག་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ NDI གིས་མཐུན་འགྱུར་དང་མཉམ་འབྲེལ་གྱིས་བཟོས་གནང་ཞིང་། དེ་གའི་འབྲེལ་ཡོད་ལས་བྱེད་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་གཉིས་ཀྱང་མཉམ་ཞུགས་གནང་གི་ཡོད་པ་བཅས།