དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་སོགས་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བ།

རྒྱ་གར་དབུས་གཞུང་གི་ཨ་ཡུ་ཤི་ལྷན་ཁང་དང་། འཕྲོད་བསྟེན་དང་ནང་མིའི་བདེ་དོན་བློན་ཆེན་གཞོན་པ་སྐུ་ཞབས་པར་ཏབ་རའོ་ ཇཱ་དྷེབ་ (Shri Prataprao Jadhav, Minister of State (Independent Charge) Ministry of AYUSH & Ministry of Health and Family Welfare) མཆོག

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༥ ནས་འགོ་འཛུགས་ཏེ། རྒྱ་གར་རྒྱལ་ས་ལྡི་ལིར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

རྒྱ་གར་དབུས་གཞུང་གི་རྡོ་སོལ་དང་གཏེར་ཁའི་བློན་ཆེན་གཞོན་པ་སྐུ་ཞབས་ས་ཏི་ཤ་ ཅན་དྷ་རཱ་ ཌུབ་བྷེ་ (Shri Satish Chandra Dubey, Minister of State of Coal and Mines) མཆོག

དེ་ཡང་བོད་དོན་ཞུ་སྐུལ་གྱི་ཉིན་གཉིས་པ་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༠༠ པ་ནས་དགོང་དྲོ་ཆུ་ཚོད་ ༩།༠༠ བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་ནས། ༡) རྒྱ་གར་དབུས་གཞུང་གི་ཨ་ཡུ་ཤི་ལྷན་ཁང་དང་། འཕྲོད་བསྟེན་དང་ནང་མིའི་བདེ་དོན་བློན་ཆེན་གཞོན་པ་སྐུ་ཞབས་པར་ཏབ་རའོ་ ཇཱ་དྷེབ་ (Shri Prataprao Jadhav, Minister of State (Independent Charge) Ministry of AYUSH & Ministry of Health and Family Welfare) མཆོག་དང་། ༢) རྒྱ་གར་དབུས་གཞུང་གི་རྡོ་སོལ་དང་གཏེར་ཁའི་བློན་ཆེན་གཞོན་པ་སྐུ་ཞབས་ས་ཏི་ཤ་ ཅན་དྷ་རཱ་ ཌུབ་བྷེ་ (Shri Satish Chandra Dubey, Minister of State of Coal and Mines) མཆོག་དང་། ༣) རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, Member of Lok Sabha, BJP, Arunachal Pradesh) མཆོག ༤) རྒྱ་གར་གྷུ་ཇ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མི་ཊེ་ཤི་ རཱ་མེ་ཤི་བྷཡེ་ པ་ཊེལ་ (Shri Mitesh Rameshbhai Patel, Member of Lok Sabha, BJP, Gujarat) མཆོག

རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, Member of Lok Sabha, BJP, Arunachal Pradesh) མཆོག

༥) རྒྱ་གར་གྷུ་ཇ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧ་ས་མུཀ་བྷཡེ་ སོ་མ་བྷཡེ་ པ་ཊེལ་ (Shri Hasmukhbhai Somabhai Patel, Member of Lok Sabha, BJP, Gujarat) མཆོག ༦) རྒྱ་གར་བྷི་ཧར་མངའ་སྡེ་ནས་ཡིན་པ་རཱ་ཤཱི་ཏི་རིཡ་ ཇཱ་ནཱ་ཏཱ་ དྷལ་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་དྷ་ཀར་སིངྒ་ (Shri Sudhakar Singh, Lok Sabha MP, Rashtriya Janata Dal, Bihar) མཆོག ༧) ལ་དྭགས་དབུས་འཛིན་མངའ་ཁུལ་ནས་ཡིན་པ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མོ་ཧ་མཏ་ ཧཱ་ནི་ཧྥ་ (Shri Mohammad Haneefa, Lok Sabha MP, Independent, Ladakh) མཆོག

རྒྱ་གར་གྷུ་ཇ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མི་ཊེ་ཤི་ རཱ་མེ་ཤི་བྷཡེ་ པ་ཊེལ་ (Shri Mitesh Rameshbhai Patel, Member of Lok Sabha, BJP, Gujarat) མཆོག

༨) རྒྱ་གར་ལྷོ་ཕྱོགས་ཏཱ་མིལ་ན་དུ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤཱ་ཤཱི་ཁན་ཊི་ སེན་ཐིལ་ (Shri Shashikant Senthil, Lok Sabha MP, Indian National Congress, Tamil Nadu (Former IAS Officer)) མཆོག ༩) ཨུ་ཏར་ཁན་ཌི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནཱ་རེ་ཤི་ བྷན་སལ་ (Shri Naresh Bansal, Rajya Sabha MP, BJP, Uttarkhand) མཆོག ༡༠) རྒྱ་གར་བྱང་ཤར་མི་ཛོ་རམ་མངའ་སྡེ་ནས་ཡིན་པ་ཛོ་རམ་མི་མང་ལས་འགུལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རི་ཅར་ཌི་ ཝན་ལལ་མན་གྷེཡ་ (Shri. Richard Vanlalhmangaiha, Lok Sabha MP, Zoram Peoples Movement, Mizoram) མཆོག  ༡༡) རྒྱ་གར་ཨོ་རི་ས་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་རཱ་བྷིན་དྷ་རཱ་ ནཱ་རཱ་ཡན་ བྷེ་ཧེ་ཝ་ (Dr. Ravindra Narayan Behera, Lok Sabha MP, BJP Orissa) མཆོག

རྒྱ་གར་གྷུ་ཇ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧ་ས་མུཀ་བྷཡེ་ སོ་མ་བྷཡེ་ པ་ཊེལ་ (Shri Hasmukhbhai Somabhai Patel, Member of Lok Sabha, BJP, Gujarat) མཆོག

 

༡༢) རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་ལྕམ་སྐུ་མི་ནཀ་ཤི་ ནཱ་ཊ་རཱ་ཇན་ (Smt Meenakshi Natrajan, All India Congress Committee, Former MP (Neemuch) and President, Rajiv Gandhi Panchayat Raj Sangathan) ལགས། ༡༣) ཉམས་ཞིབ་པ་སྐུ་ཞབས་ཇིཏ་ སིངྐ་ (Shri Jeet Singh, Researcher, Rajiv Gandhi Institute of Contemporary Studies) མཆོག ༡༤) ལྡི་ལི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་འབུམ་རམས་པ་པན་ཀཱཇཱ་ པུ་ཤི་ཀར་ (Dr. Pankaj Pushkar, Senior Fellow, Legislative Support Group, Rajiv Gandhi Foundation, and Former MLA, Delhi Legislative Assembly) མཆོག

ཨུ་ཏར་ཁན་ཌི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནཱ་རེ་ཤི་ བྷན་སལ་ (Shri Naresh Bansal, Rajya Sabha MP, BJP, Uttarkhand) མཆོག

༡༥) སྐུ་ཞབས་བྷན་ཝར་ མེ་གྷ་ཝན་ཤི་ (Shri Bhanwar Meghwanshi, People’s Union for Civil Liberties) ལགས། ༡༦) རྩོམ་སྒྲིག་པ་སུ་བྷ་ཤ་ སཡེ་ནི་ (Prof. Subhash Saini, Editor, Journal Desh Haryana) ལགས་བཅས་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༢ དང་། སྲིད་དོན་ཚོགས་པ་ཆེ་ཁག་མི་འདྲ་བ་ལྔ་ཡི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༩ དང་། གཞན་གྲོས་ཚོགས་འཐུས་མི་ཟུར་པ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སོགས་མི་སྣ་ ༥ བཅས་ཁྱོན་རྒྱ་གར་གྱི་གནད་ཡོད་ཆབ་སྲིད་མི་སྣ་ ༡༦ ཙམ་མཇལ་འཕྲད་གནང་ཡོད་པ་རེད།

་གར་བྷི་ཧར་མངའ་སྡེ་ནས་ཡིན་པ་རཱ་ཤཱི་ཏི་རིཡ་ ཇཱ་ནཱ་ཏཱ་ དྷལ་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་དྷ་ཀར་སིངྒ་ (Shri Sudhakar Singh) མཆོག་དང་། ལ་དྭགས་དབུས་འཛིན་མངའ་ཁུལ་ནས་ཡིན་པ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མོ་ཧ་མཏ་ ཧཱ་ནི་ཧྥ་ (Shri Mohammad Haneefa) མཆོག རྒྱ་གར་གྷུ་ཇ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མི་ཊེ་ཤི་ རཱ་མེ་ཤི་བྷཡེ་ པ་ཊེལ་ (Shri Mitesh Rameshbhai Patel) མཆོག རྒྱ་གར་ལྷོ་ཕྱོགས་ཏཱ་མིལ་ན་དུ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤཱ་ཤཱི་ཁན་ཊི་ སེན་ཐིལ་ (Shri Shashikant Senthil) མཆོག་སོགས་དང་ལྷན།

མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་ལོ་ངོ་ ༦༥ ལྷག་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་ཐབས་དང་། ད་ལྟའི་བོད་ནང་བྱུང་བཞིན་པའི་ཛ་དྲག་གི་གནས་ཚུལ་ཁག་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ་དོན་ཚན་བཅུ་གཉིས་ཅན་གྱི་བོད་དོན་ཞུ་སྐུལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་ངོ་སྤྲོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མཉམ་ཞུགས་དང་། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་སུ་གཟིགས་སྐོར་ཕེབས་གནང་ཡོང་བ་བཅས་ཞུས་པར། ཁོང་རྣམ་པས་ཐུགས་སྣང་ཆེན་པོས་གསན་ཞིབ་དང་། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་བ་བཅས།

རྒྱ་གར་བྱང་ཤར་མི་ཛོ་རམ་མངའ་སྡེ་ནས་ཡིན་པ་ཛོ་རམ་མི་མང་ལས་འགུལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རི་ཅར་ཌི་ ཝན་ལལ་མན་གྷེཡ་ (Shri. Richard Vanlalhmangaiha, Lok Sabha MP, Zoram Peoples Movement, Mizoram) མཆོག
རྒྱ་གར་ཨོ་རི་ས་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་རཱ་བྷིན་དྷ་རཱ་ ནཱ་རཱ་ཡན་ བྷེ་ཧེ་ཝ་ (Dr. Ravindra Narayan Behera, Lok Sabha MP, BJP Orissa) མཆོག
རྒྱ་གར་དབུས་གཞུང་གི་ཨ་ཡུ་ཤི་ལྷན་ཁང་དང་། འཕྲོད་བསྟེན་དང་ནང་མིའི་བདེ་དོན་བློན་ཆེན་གཞོན་པ་སྐུ་ཞབས་པར་ཏབ་རའོ་ ཇཱ་དྷེབ་ (Shri Prataprao Jadhav, Minister of State (Independent Charge) Ministry of AYUSH & Ministry of Health and Family Welfare) མཆོག

 

རྒྱ་གར་དབུས་གཞུང་གི་རྡོ་སོལ་དང་གཏེར་ཁའི་བློན་ཆེན་གཞོན་པ་སྐུ་ཞབས་ས་ཏི་ཤ་ ཅན་དྷ་རཱ་ ཌུབ་བྷེ་ (Shri Satish Chandra Dubey, Minister of State of Coal and Mines) མཆོག