དཔལ་ལྡན་ཚོགས་གཙོ་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས།

14925315_116711378806315_1701015950764445590_n-624x351དཔལ་ལྡན་ཚོགས་གཙོ་མཆོག་འདི་ཟླའི་ཚེས་ ༡༠ ཉིན་རྡ་སར་ནས་ཕེབས་ཐོན་གྱིས། ལྡི་ལི་གསར་པའི་ནང་གཏན་གཞིས་བྱས་པའི་ས་སྐྱ་ཕུན་ཚོགས་ཕོ་བྲང་དུ་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ཉིན་བདེ་བར་གཤེགས་པ་༸གོང་མ་བདག་ཆེན་འཇིགས་བྲལ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་དུ་མཇལ་བཅར་ཆེད་ཕེབས་གནང་རྒྱུ་དང་།
འདི་ཟླའི་ཚེས་ ༨ ཐོ་རངས་ཆུ་ཚོད་ ༡ ཙམ་ལ་ལྡི་ལི་ལལ་ཀི་ལ་བོད་མི་སུད་ཚོང་བའི་ཁྲོམ་ས་ཡོངས་ལ་མེ་སྐྱོན་ཅི་ཆེ་བྱུང་བའི་དབང་གིས་གྱོང་གུན་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་མི་སྙན་པ་ཐོས་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཐུགས་འཚབ་ཆེན་པོ་དང་བཅས་ཐུགས་གསོ་དང་སྦྲགས་གུན་སྐྱོབ་མཚོན་དོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་ངལ་སེལ་ཐེབས་རྩ་ནས་ཧིན་སྒོར་བདུན་ཁྲི་ (༧༠༠༠༠།༠༠) ཐམ་པ་གནང་རྒྱུ་ཡིན་པ་དང་། གྱོང་གུན་རྣམས་གང་ཐུབ་གསབ་ཐབས་སུ་ཕྱོགས་གང་ས་ནས་མཐུན་འགྱུར་ཡོང་བའི་རེ་སྨོན་བཅས་ཀྱི་ཐུགས་གསོའི་ཕྱག་བྲིས་ཤིག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་མཚན་ཐོག་ནས་གནང་རྒྱུ་དང་།
ད་ལམ་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་མཆོག་ལྡི་ལིར་གཞུང་འབྲེལ་ཆེད་ཕེབས་གནང་སྐབས། ལྡི་ལིར་ཁྲོམ་ས་མེ་སྐྱོན་བྱུང་བའི་ས་གནས་སུ་མི་མང་རྣམས་ཐུག་འཕྲད་ཀྱིས་ཐུགས་གསོ་གནང་རྒྱུ་དང་ཕྱི་ཚེས་ ༡༢ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།།

Menu