དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༦ ནས་ ༧ བར་ཉིན་གཉིས་རིང་བོན་གཞིས་ཐོབ་རྒྱལ་གསར་པ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གཞིས་བྱེས་བོན་འབངས་ཡོངས་ཀྱི་གཙུག་རྒྱན་དུ་མངའ་གསོལ་དགྱེས་སྟོན་གྱི་མཛད་སྒོ་ཞིག་ཚོགས་རྒྱུ་ཡིན་པ་ལྟར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༩ ཚེས་ ༥ ཞོགས་པ་རྡ་ས་ནས་བོན་གཞིས་ཕེབས་ཐོན་གནང་རྒྱུ་དང། ཚེས་ ༦ དང་ ༧ ཉིན་གཉིས་རིང་ས་གནས་སུ་མཛད་འཆར། ཚེས་ ༨ སྔ་དྲོའི་ཉིན་བོན་གཞིས་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་བཅས། །