དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཉི་འོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ། 

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༢༧ ནས་ཟླ་ ༨ པའི་ཚེས་ ༢ བར་ཉི་འོང་རྒྱལ་ས་ཊོག་ཁྱོ་རུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༢༨ ཉིན་ལྡི་ལི་ནས་ཉི་འོང་རྒྱལ་ས་ཊོག་ཁྱོར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༩ ནས་ཟླ་ ༨ པའི་ཚེས་ ༡ བར་ས་གནས་སུ་མཛད་འཆར། ཕྱི་ཟླ་ ༨ པའི་ཚེས་ ༢ ཉིན་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།