དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་དྭགས་བླ་མ་བློ་བཟང་དམ་པའི་དྲན་རྟེན་ཐུགས་གསོའི་ཚོགས་འདུར་མཉམ་ཞུགས་གནང་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་དྭགས་བླ་མ་བློ་བཟང་དམ་པའི་དྲན་རྟེན་ཐུགས་གསོའི་ཚོགས་འདུ་ (Condolence meeting in memory) ཞིག་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ (International Buddhist Confederation) ནས་ཕྱི་ཟླ་ ༤ ཚེས་ ༩ ཉིན་ཕྱི་དྲོའི་ཆར་ལྡི་ལི་ས་གནས་ Samvet Auditorium, IGNCA Building, Janpath, New Delhi ནས་གོ་སྒྲིག་གནང་བ་ལྟར་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་འདུག
དེར་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ IBC འབྲེལ་ཡོད་རྣམས་དང་། བླ་མ་བློ་བཟང་དམ་པར་ཐུགས་རྒྱུས་ཡོད་མཁན་ཁ་ཤས་ནས་གསུང་བཤད་ཀྱང་གནང་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ལ་དྭགས་སོགས་ནས་གནད་ཡོད་མི་སྣ་རྣམས་དང་། མི་མང་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་གནང་འདུག