༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༡༠ ཉིན་ཀུམ་རའོ་སྒ་པ་གཞིས་ཆགས་སུ་བོད་མི་མང་སྤྱི་འཐུས་སྐབས་དང་པོའི་སྤྱི་ཟུར་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག་གི་སྐུ་ཕུང་ཞུགས་འབུལ་གནང་རྒྱུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་ཆེད་བཅར་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༩ ཉིན་བཞུགས་སྒར་རྡ་ས་ནས་ཀུམ་རའོ་སྒ་པ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༡༡ ཉིན་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།