དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༢༩ ཉིན་འཕགས་ཡུལ་རྙིང་མ་ཀཿ ཐོག་དགོན་པ་དང་། ཁམས་ཀཿ ཐོག་བོད་མིའི་ཚོགས་པ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་བཅས་ཀྱི་གོ་སྒྲིག་འོག འཕགས་ཡུལ་སྔ་འགྱུར་ཤར་རྒྱལ་བ་ཀཿ ཐོག་དགོན་པ་རུ་ཤར་རྒྱལ་བ་ཀཿ ཐོག་པའི་བསྟན་པའི་མངའ་བདག་ཆོས་རྗེ་དམ་པ་བདེ་བར་གཤེགས་པ་འཇིག་རྟེན་ཁམས་འདིར་བྱོན་ནས་མི་ལོ་ ༩༠༠ འཁོར་བའི་དུས་དྲན་དང་། དེ་བཞིན་ཀཿ དམ་པ་བདེ་གཤེགས་ཀྱི་རྣམ་ཐར་དཔེ་དེབ་དབུ་འབྱེད་མཛད་སྒོ་བཅས་འཚོགས་རྒྱུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་རྡ་ས་ནས་ཁམས་ཀཿ་ཐོག་དགོན་པར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༣༠ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །